ལུའུ་ཧྲན་ས་འགུལ་གནོད་རྗེས་ཉམས་གསོ་བསྐྱར་འཛུགས་བྱེད་པའི་སྤྱིའི་འཆར་འགོད་བཏོན།

སྐལ་བཟང་ཐུབ་བསྟན་གྱིས།        2013-07-22

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ7པའི་ཚེས15ཉིན་འབྱོར་བའི་གཏམ་གསར། ཀྲུང་གོའི་སྲིད་གཞུང་དྲ་བའི་ཚེས་བཅོ་ལྔའི་ཉིན་གྱི་གསར་འགྱུར་ལྟར་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་བརྡ་ཐོ་བཀྲམ་ནས་《ལུའུ་ཧྲན་ས་འགུལ་གནོད་རྗེས་ཉམས་གསོ་བསྐྱར་འཛུགས་བྱེད་པའི་སྤྱིའི་འཆར་འགོད》ཁྱབ་བསྒྲགས་བྱས་པརེད། 《འཆར་འགོད》ནང་དུ་ལོ་གསུམ་གྱི་དུས་ཚོད་སྤྱད་ནས་ཉམས་གསོ་བསྐྱར་འཛུགས་ཀྱི་ལས་འགན་འགྲུབ་དགོས་པ་མངོན་གསལ་བཟོས་ཏེ་གནོད་ཐེབས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ཉམས་གསོ་ཡོང་བ་མ་ཚད་ས་འགུལ་སྔོན་གྱི་ཆུ་ཚད་ལས་བརྒལ་བ་དང་། 2020ལོར་བསླེབ་པའི་ཚེ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བའི་ཆེད་དུ་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་བ་རེད།
    《འཆར་འགོད》ལ་སྔོན་འགྲོའི་གཏམ་དང་བསྐྱར་འཛུགས་ཀྱི་རྨང་གཞི། སྤྱིའི་བླང་བྱ། ཡུལ་ཁམས་ཆགས་ཚུལ། དམངས་སྡོད་ཁང་དང་གྲོང་ཁྱེར་རམ་གྲོང་གསེབ་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་ཆས། ཁྱད་ལྡན་ཐོན་ལས། སྐྱེ་ཁམས་ཁྱིམ་གཞིས། སྲིད་ཇུས་བྱེད་ཐབས་བཅས་ལེའུ9འདུས་པ་རེད།
    《འཆར་འགོད》ཀྱི་ནང་དུ་གནོད་ཐེབས་ས་ཁུལ་གྱི་དུད་ཚང་ཐམས་ཅད་བདེ་སྡོད་ལས་ཡོད་མངོན་འགྱུར་བྱ་རྒྱུ་དང་དམངས་འཚོའི་འགན་སྲུང་བྱེད་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་པ་ཡང་བཏོན་པ་རེད།
  • ལེ་ཚན་སྔོན་མ།:ཆོས་དབྱིངས་སྐྱིད་མི་འགྱང་པར་འཛམ་གླིང་གཟེངས་རྟགས་འགྲན་སྡུར་དུ་ཞུགས་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།: ནང་སོག་ཏུ་ལོ་སྟོད་ལ་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི16གསར་སྣོན་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།