མཚོ་སྔོན་པོ་དྲ་བ། 2013-07-22
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གཟེངས་རྟགས་འགྲན་སྡུར་སྐབས་བཅུ་བཞི་བ་ཨུ་རུ་སིའི་མོ་ཞི་ཁོ་ནས་སྤེལ་རྒྱུ་ཡིན་པ་དང་། བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་རུ་ཁག་གི་མི་དོན་ལྔ་དང་མཉམ་དུ་སྐྱེས་མའི་འདུར་རྒྱུག་འགྲན་སྡུར་དུ་ཞུགས་རྒྱུ་རེད།
ཆོས་དབྱིངས་སྐྱིད་ཀྱིས་ཉིས་སྟོང་བཅུ་གཉིས་ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སུ་སྤྱི་ལེ་ཉི་ཤུའི་སྐྱེས་མའི་འདུར་རྒྱུག་ཁྲོད་ཨང་གཉིས་པ་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་བཞི་བ་ཐོབ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ལེགས་འདེམ་བརྒྱུད། ཆོས་དབྱིངས་སྐྱིད་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་རུ་ཁག་ཏུ་ཚུད་པ་དང་། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གཟེངས་རྟགས་འགྲན་སྡུར་ཁྲོད་ཞུགས་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10