བོད་ལྗོངས་ཀྱིས་ད་ལོར་ཞིང་སྡེའི་ཕྱོགས་བསྡུས་བརྡ་འཕྲིན་ཞབས་ཞུ་ས་ཚུགས་སྟོང་ཕྲག་བསྐྲུན་ནས་བརྡ་འཕྲིན་གྱིས་ཞིང་པར་ཕན་ཐོགས་པར་སྐུལ་འདེད་བྱེད།

མིག་དམར་གྱིས་བསྒྱུར།        2013-07-18

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། བོད་ལྗོངས་བཟོ་ལས་དང་བརྡ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་རྒྱུར། བོད་ལྗོངས་ཀྱིས་ད་ལོར་ཞིང་སྡེའི་ཕྱོགས་བསྡུས་བརྡ་འཕྲིན་ཞབས་ཞུ་ས་ཚུགས1000བསྐྲུན་རྒྱུར་སྐུལ་འདེད་བྱ་རྒྱུ་དང་། ས་ཚུགས་ཁག་ལ་གློག་ཀླད་དང་ཡི་གེ་པར་ཆས་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་དྲྭ་བ་འབྲེལ་མཐུད་བྱས་པ་མ་ཚད་ཞིང་སྡེའི་བརྡ་འཕྲིན་ཞབས་ཞུ་པ་འདེམས་སྒྲུག་དང་གསོ་སྦྱོང་བྱས་ཏེ། བརྡ་འཕྲིན་ཅན་གྱིས་བོད་ལྗོངས་ཀྱི་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་ཁེ་ཕན་བསྐྲུན་འཇུག་རྒྱུ་རེད།
    གྲོང་གསེབ་ཡོངས་ལ་ཆ་འཕྲིན་གཏོང་ཐུབ་པའི་ལས་གྲྭ་དང་། གྲོང་གསེབ་ཡོངས་ལ་རྒྱང་སྒྲོག་བརྙན་འཕྲིན་བསྡུ་བལྟ་བྱེད་ཐུབ་པའི་ལས་གྲྭ ཡངས་ལམ་འཕྲིན་གཏོང་ལས་གྲྭ འཁྱེར་འཕྲིན་རྒྱ་ཆེ་བ་ཁྱབ་པའི་ལས་གྲྭ་བཅས་་ལག་ལེན་བསྟར་བའི་རྨང་གཞི་ཐོག བོད་ལྗོངས་ཀྱིས་ད་དུང་ཡུལ་བབ་དང་བསྟུན་ནས་སྐུད་མེད་དང་སྐུད་ཡོད། འཁོར་སྐར་སོགས་ཀྱི་རྣམ་པ་སྤྱད་དེ་རྨང་གཞིའི་གློག་འཕྲིན་དང་རྒྱང་སྒྲོག་བརྙན་འཕྲིན་གྱི་ཞབས་ཞུ་གཞི་ཁྱོན་དེ་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དུ་འབྲེལ་མཐུད་བྱས་ཏེ། རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་རྣམས་ཀྱིས་ཁྱིམ་དུ་དྲྭ་འཇུག་དང་ཁ་པར་གཏོང་བ། བརྙན་འཕྲིན་ལྟ་བ་སོགས་སྣ་ཁ་མང་པོའི་ཐད་ཀྱི་ཞབས་ཞུར་ལོངས་སྤྱོད་བྱེད་ཐུབ་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས2010ལོའི་ལོ་མཇུག་ཏུ་སྲིད་འཛིན་གྲོང་སྡེ་ཡོད་ཚད་ལ་ཁ་པར་གཏོང་ཐུབ་པ་མངོན་འགྱུར་བྱུང་ཞིང3Gདྲྭ་བ་དེ་གཞི་རྩའི་ཐོག་རྫོང་སོ་སོར་ཁྱབ་པར་མངོན་འགྱུར་བྱུང་བ། 2012ལོའི་ལོ་མཇུག་གི་བར་དུ།ལྗོངས་ཡོངས་ཀྱི་བརྒྱ་ཆ96.7གྱི་ཤང་དང་གྲོང་རྡལ་དུ་འོད་འཁྲིད་ཚི་སྐུད་འཕྲིན་གཏོང་བྱུང་བ།2015ལོའི་བར་སྔོན་རྩིས་བྱས་ན། བོད་ལྗོངས་ཀྱི་སྲིད་འཛིན་གྲོང་སྡེ་ཡོད་ཚད་དུ་དྲྭ་འཇུག་བྱེད་པ་མངོན་འགྱུར་བྱ་རྒྱུ་ཡིན་ཞིང་དེའི་ནང་བརྒྱ་ཆ80ཡི་སྲིད་འཛིན་གྲོང་སྡེར་ཡངས་ལམ་ཡོད་པ་མ་ཚད་སྲིད་འཛིན་གྲོང་སྡེ3000གི་ཞིང་སྡེའི་ཕྱོགས་བསྡུས་བརྡ་འཕྲིན་ཞབས་ཞུ་ས་ཚུགས་འཛུགས་ཚར་དགོས་པ་རེད།
  • ལེ་ཚན་སྔོན་མ།:ད་ལོར་ནང་སོག་གིས་ཞིང་དུད་ཀྱི་ཚོང་ཁང5000དེ་ཞིང་འབྲོག་མི་དམངས་ཀྱི་དངུལ་རྩའི་ཞབས་འདེགས་ཞུ་ས་བཟོ་རྒྱུ།
  • ལེ་ཚན་རྗེས་མ།: སི་ཁྲོན་གྱིས་སྤྱིའི་གླ་ཁང་ཁྲི3.1ལྷག་དེ་ཞིང་པའི་གླ་པར་སྤྱོད་རྒྱུའི་གཏན་འཁེལ་བྱེད།
  • དོ་སྣང་ཆེ་བའི་རྩོམ།