ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་བ7པའི་ཚེས5ཉིན་འབྱོར་བའི་གཏམ་གསར། ད་ལོར་སི་ཁྲོན་ཞིང་ཆེན་གྱིས་ཐེངས་དང་པོར“ཞིང་པའི་གླ་པའི་སྡོད་ཁང་འགན་ལེན་བྱེད་པའི་བྱ་སྤྱོད”སྤེལ་ནས། བརྒྱ་ཆ30ལས་མི་དམའ་བའི་སྤྱིའི་གླ་ཁང་དེ་ཞིང་པའི་གླ་པར་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན། ད་ལོའི་ལོ་སྟོད་དུ་སི་ཁྲོན་གྱིས་སྤྱིའི་གླ་ཁང་ཁྲི7.1ནང་གི་སྡོད་ཁང་ཁྲི3.1ལྷག་དེ་ཞིང་པའི་གླ་པར་སྤྱོད་འཇུག་རྒྱུའི་གཏན་འཁེལ་བྱས་པ་དེ་སྤྱིའི་སྡོད་ཁང་འདོན་སྤྲོད་བྱེད་ཚད་ཀྱི་བཅུ་ཆ་བཞི་ཟིན་པ།
བོགས་དངུལ་བསྡུ་བའི་ཐད་འབྲེལ་ཡོད་བླང་བྱ་ལྟར། སི་ཁྲོན་ས་གནས་ཁག་གིས་ཡུལ་འདི་གའི་ཚོང་ར་ཐོག་གི་བོགས་དངུལ་བསྡུ་བའི་བརྒྱ་ཆ50ཡས་མས་ཀྱི་ཆུ་ཚད་ལྟར། ཞིང་པའི་གླ་པར་སྤྱིའི་གླ་ཁང་གི་བོགས་དངུལ་བསྡུ་རྒྱུ་རེད། ཞིང་པའི་གླ་པ་སྤྱིའི་གླ་ཁང་དུ་བསྡད་དུས་སྤྱི་པའི་ཞབས་འདེགས་དང་སྤྱི་ཚོགས་དོ་དམ་བྱ་རྒྱུའི་ཐད་གཞན་དག་གི་སྡོད་ཁང་གླ་མཁན་ནང་བཞིན་གཞི་རྩའི་ལས་རིགས་སྣ་མང་བདག་གཉེར་དོ་དམ་གྱི་ཞབས་ཞུ་འདོན་སྤྱོད་བྱ་རྒྱུ་རེད།