ད་ལོར་ནང་སོག་གིས་ཞིང་དུད་ཀྱི་ཚོང་ཁང5000དེ་ཞིང་འབྲོག་མི་དམངས་ཀྱི་དངུལ་རྩའི་ཞབས་འདེགས་ཞུ་ས་བཟོ་རྒྱུ།
མིག་དམར་གྱིས་བསྒྱུར། 2013-07-18
ཞིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་འབྱོར་བའི་གཏམ་གསར། ནང་སོག་རང་སྐྱོང་ལྗོངས་ཀྱི“གྲོང་ཁྲི་ཤང་སྟོང་གི་ཚོང་རའི་ལས་གྲྭ”ཆ་འཕྲིན་ཅན་དུ་ལེགས་བཅོས་བྱེད་པའི་ལས་གྲྭ་སྤེལ་འགོ་ཚུགས་པའི་ལས་ཡུལ་དངོས་ཀྱི་གྲོས་ཚོགས་ཐོག་ཤེས་རྟོགས་བྱུང་བར། ད་ལོར་ནང་སོག་གིས་ཞིང་དུད་ཀྱི་ཚོང་ཁང5000དེ་ཆ་འཕྲིན་ཅན་དུ་ལེགས་བཅོས་བྱས་ཏེ་ཚོང་ཁང་འདི་དག་ཞིང་འབྲོག་མི་དམངས་ལ་གཞི་རྩའི་དངུལ་རྩ་ཞབས་འདེགས་ཞུ་བའི“དངུལ་ཁང་གི་བྱུང་བུས་ཞིང་ལས་ལ་རོགས་རམ་བྱེད་པའི་ཞབས་འདེགས་ཞུ་ས”ཞིག་ཏུ་བཟོ་རྒྱུ་རེད།
ཚོང་དོན་པུའུ་ཚོང་ར་འཛུགས་སྐྲུན་སིའི་སི་ཀྲང་གཞོན་པ་ཁུང་ལིང་ཡུས་ཀྱིས་བཤད་རྒྱུར། ནང་སོག་གཏོགས་པ་མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན་དང་ལྗོངས་གྲོང་ཁྱེར16གིས“གྲོང་ཁྲི་ཤང་སྟོང་གི་ཚོང་རའི་ལས་གྲྭ”ཆ་འཕྲིན་ཅན་དུ་ལེགས་བཅོས་བྱེད་པའི་ཚོད་ལྟ་ལས་ཀ་སྤེལ་ཡོད། ལས་ཀ་འདི་དག་སྤེལ་བར་སྐུལ་འདེད་བཏང་བར་བརྒྱུད།རྒྱ་ཆེའི་ཞིང་སྡེ་དང་འབྲོག་ཁུལ་གྱི་ཚོང་ལས་ཉོ་འཚོང་འགྲོ་རྒྱུག་དང་། འཛད་སྤྱོད། གཏོང་སྤྲོད་ཀྱི་ཁོར་ཡུག་སྔར་ལས་ལྷག་པར་བཟང་སྒྲུག་ཡོང་ཐུབ་པ་དང་། ཞིང་འབྲོག་པས་མ་དངུལ་ལེན་མི་བདེ་བ་དང་རྩིས་ཞུ་བྱེད་དཀའ་བའི་གནས་ཚུལ་དེ་ལེགས་བཅོས་མངོན་གསལ་ཡོང་ཐུབ་རྒྱུ་རེད།