ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། 2013-07-17
ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་ནི་སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ལྷ་ས་ནས་སྤེལ་རྒྱུ་ཡིན་ཞིང་། དེར2012རྒྱལ་སྤྱིའི་དུས་ཆེན་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་དུས་ཆེན་གྲོང་ཁྱེར་གྱི་གཟེངས་རྟགས་ཐོབ།
ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་པེ་ཅིང་ནས་ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པའི་མི་རིགས་དུས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་ལ་རྒྱལ་སྤྱིའི་དུས་ཆེན་གྱི་གཟེངས་རྟགས་གནང་བའམ་ཉིས་སྟོང་བཅུ་གསུམ་ལོའི་ཞོ་སྟོན་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས།
ཉེ་བའི་ལོ་འགའི་རིང་ལ། ལྷ་སའི་ཞོ་སྟོན་དུས་ཆེན་དེ་སྲིད་གཞུང་གི་སྣེ་ཁྲིད་དང་ཚོང་ར་ཞུགས་པའི་གནས་ཚུལ་འོག རིམ་བཞིན་རིག་རྩལ་འཁྲབ་སྟོན་དང་། ལུས་རྩལ་འགྲན་བསྡུར། ཡུལ་སྐོར་སྤྲོ་གསེང་། ཚོང་ལས་ཞལ་གྲོས་བཅས་གཅིག་ཏུ་དྲིལ་བའི་རྒྱལ་ཕྱི་རྒྱལ་ནང་གི་དུས་སྟོན་ཆེན་མོ་ཞིག་ཏུ་གྱུར་ཡོད། ཉིས་སྟོང་བཅུ་གཉིས་ལོར་ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པའི་མི་རིགས་དུས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་སྔོན་ཀྲུང་གོའི་མི་རིགས་དུས་ཆེན་ཕུལ་བྱུང་ཅན་གྱི་གཟེངས་རྟགས་བླངས་མྱོང་བའི་ལྷ་སའི་ཞོ་སྟོན་ཐོག་མར་བདམས་ཏེ། རྒྱལ་སྤྱིའི་དུས་ཆེན་གཟེངས་རྟགས་དཔྱད་འདེམ་སྟེང་ཐུན་མིན་གྱི་ཁྱད་ཆོས་ཅི་དགར་ངོམ་དུ་བཅུག་པས། དཔྱད་འདེམ་པའི་མིག་དབང་ཡོངས་སུ་བཀུགས་པ་མ་ཟད།རྒྱལ་སྤྱིའི་དུས་ཆེན་མཐུན་ཚོགས་ཀྱི་ལོ་རེའི་གཟེངས་རྟགས་ཀྱི་དཔྱད་འདེམ་ཀུན་ལས་གཟེངས་སུ་ཐོན་པར་གྱུར་ནས་ལོ་རེའི་གཟེངས་རྟགས་ཀྱི་མཆོག་ཏུ་གྱུར་བ་—རྒྱལ་སྤྱིའི་དུས་ཆེན་གྲོང་ཁྱེར་གྱི་གཟེངས་རྟགས་ཐོབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10