བཀྲ་ཤིས་འབུམ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-05-02
ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་ཨ་ཀིན་ཐིན་གྱི་དམངས་གྲོས་དཔོན་པོ་ཏོ་མེན་ཀི་སི་ལ་མཇལ་འཕྲད་གནང་།
ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་ཨ་ཀིན་ཐིན་གྱི་དམངས་གྲོས་དཔོན་པོ་ཏོ་མེན་ཀི་སི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ནས་ཨ་ཀིན་ཐིན་གྱི་དམངས་གྲོས་དཔོན་པོ་ཏོ་མེན་ཀི་སི་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་མགྲོན་པོར་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་ཀིན་ཐིན་ནི་གསར་དར་ཚོང་རའི་རྒྱལ་ཁབ་གཙོ་བོ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཉོ་ཚོང་དངུལ་གཏོང་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀིན་ཐིན་ཕྱོགས་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ལ་ཏེན་མེ་གླིང་རྒྱལ་ཁབ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།
ཏོ་མེན་ཀི་སི་ཡིས་བཤད་རྒྱུར། ཨ་ཀིན་ཐིན་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བརྩོན་ལེན་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་སོགས་ཕྱོགས་མང་བའི་མཉམ་ལས་ཇེ་མང་དུ་བཏང་ནས། ཨ་ཀིན་ཐིན་དང་ཀྲུང་གོ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10