ཕག་གྲུབ་ཀྱིས་བསྒྱུར། རྔ་བ་གསར་འགྱུར་དྲ་བ། 2013-07-12
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་ཆར་བ་བབས་དྲག་པས་ས་ཆ་ཁ་ཤས་སུ་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་བྱུང་རྐྱེན་གཞུང་ལམ་ཁ་ཤས་མཚམས་ཆད་པའི་གནས་ཚུལ་བྱུང་། བདེ་འཇགས་ཁག་ཐེག་བྱེད་ཆེད། རྔ་བ་ཁུལ་མི་དམངས་སྲིད་ལ་སྙན་ཞུ་བྱས་ཤིང་འཐད་པ་བྱུང་བ་བརྒྱུད། སྤྱི་ཟླ7པའི་ཚེས11ཉིན་འཚོག་རྒྱུ་གཏན་འཁེལ་བྱེད་པའི་ཞིང་པ་གླ་རྒྱགས་པའི་ནུས་རྩལ་འགྲན་བསྡུར་ཆེན་མོ་སྤེལ་རྒྱུ་དེ་དུས་འགྱངས་བྱས་པ་དང་། བྱེ་བྲག་གི་ཆུ་ཚོད་ནི་ཟུར་དུ་བརྡ་གཏོང་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10