«ཀྲུང་ཧྭའི་ཀུན་མཛོད་ཆེན་མོའི»རྩོམ་སྒྲིག་བྱ་བ་པེ་ཅིང་དུ་མགོ་བརྩམས་པ།

        2013-07-15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས12ཉིན། «ཀྲུང་ཧྭའི་ཀུན་མཛོད་ཆེན་མོའི»བོད་ཡིག་པོད་ཀྱི་རྩོམ་སྒྲིག་བྱ་བ་པེ་ཅིང་དུ་མགོ་བརྩམས་ཤིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ལྷག་པ་ཕུན་ཚོགས་ཀྱིས«ཀྲུང་ཧྭའི་ཀུན་མཛོད་ཆེན་མོའི»རྩོམ་སྒྲིག་བྱ་བ་མགོ་བརྩམས་པའི་གནས་ཚུལ་མཚམས་སྦྱོར་གནང་།འཆར་འགོད་ལྟར་ན«ཀྲུང་ཧྭའི་ཀུན་མཛོད་ཆེན་མོའི»བོད་ཡིག་པོད་འདི་ལོ་ངོ་བཅོ་ལྔ་བེད་སྤྱད་དེ་ཐུ་བྷོད་དུས་སྐབས་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་སྔོན་གྱི་བོད་ཡིག་ཡིག་ཚགས་བསྟན་བཅོས་དག་པར་བསྐྲུན་བྱ་རྒྱུ་དང་། དཔེ་དེབ་སྟོང་ཡན་བསྡུ་རུབ་བྱེད་ཅིང་བསྟན་བཅོས་ཉི་ཤུ་རུ་དབྱེ། «ཀྲུང་ཧྭའི་ཀུན་མཛོད་ཆེན་མོ»འདི་ལ་རྒྱལ་སྤྱིའི་སྒྲིག་ཨང་དང་མཐུན་པའི་བོད་ཡིག་མཉེན་ཆས་སྤྱད་ཅིང་། འདི་པར་བསྐྲུན་འགྲེམ་སྤེལ་བྱེད་པ་དང་མཉམ་དུ་རིག་ཚན་འཐུས་སྒོ་ཚང་བའི་བོད་ཡིག་ཡིག་ཚགས་ཐོན་ཁུངས་ཀྱི་གྲངས་མཛོད་ཅིག་འཛུགས་རྒྱུ་རེད།

  • ལེ་ཚན་སྔོན་མ།:རྔ་བ་ཁུལ་གྱིས་ཞིང་བ་གླ་རྒྱགས་པའི་ནུས་རྩལ་འགྲན་བསྡུར་ཆེན་མོ་སྤེལ་རྒྱུ་ནི་དུས་འགྱངས་བྱས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།