ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

བདེ་སྐྱིད་འཚོ།        2013-07-15

ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

ཞི་ཅིན་ཕེན་ཀྲིན་ཏེན་རྫོང་ཀྲིན་ཏེན་གྲོང་བརྡལ་ཐཱ་ཡོན་ཀྲོང་སྡེ་བར་ཕེབས་ནས་མང་ཚོགས་ལ་ཕྱག་འཇུ་གནང་བཞིན་པ།

ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

    ཞི་ཅིན་ཕེན་ཞི་པད་ཕོ་རུ་ཕེབས་ནས། ཞི་པད་ཕོ་དྲན་གསོ་ཁང་དང་མའོ་ཙེ་ཏུང་གི་བཞུགས་གནས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འཐབ་འཛིང་གི་ལོ་རྒྱུས། ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་སྐབས་བདུན་པ་བསྡུ་ས་ནས་བཞུགས་མོལ་ཚོགས་འདུ་བསྡུ་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཅིག་ནས་ཚེས་བཅུ་གཉིས་ཉིན་བར་ཧི་པེ་ཞིང་ཆེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས། ཀྲུང་དབྱང་གི་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་པ་དང་། མགོ་ཁྲིད་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་བརྩོན་སེམས་སྐུལ་སློང་གང་ལེགས་བྱས་ནས། སློབ་སྦྱོང་དང་སློབ་གསོ་ནན་མོ་བྱས་པ་བརྒྱུད་དེ་བསམ་འཆར་ལ་ཉན་དགོས་ཤིང་། སྤྱོད་སྟངས་ཐད་གནས་པའི་འབུར་ཐོན་གནད་དོན་རྩད་ནན་མོ་གཅོད་དགོས་པ་དང་ཐག་ནན་མོ་བཅད་དེ། མང་ཚོགས་ལམ་ཕྱོགས་སློབ་གསོའི་བྱ་འགུལ་ནན་ཏན་སྒོས་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།    ཚེས་བཅུ་གཅིག་ནས་ཚེས་བཅུ་གཉིས་ཉིན་བར་ཞི་ཅིན་ཕེན་ཧི་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲིག་པིན་ཧྲོན་དང་། ཧྲིན་ཀྲང་ཀྲང་ཆིན་ཝེ་གཉིས་དང་མཉམ་དུ་སྔ་གཞུག་ཏུ་ཀྲིན་ཏེན་རྫོང་དང་ཕེན་ཧྲན་རྫོང་ཞི་པད་ཕོ། ཧྲི་ཅ་ཀྲོང་གྲོང་ཁྱེར་བཅས་སུ་ཕེབས་ནས། ཞིང་སྡེ་དང་ལས་ཁུངས། དེ་མིན་རིམ་པ་སོ་སོའི་ལས་བྱེད་པ་དང་ཏང་ཡོན། མང་ཚོགས་རྣམས་ལ་བཞུགས་མོལ་མཛད་པ་མ་ཟད། ཧི་པེ་ཞིང་ཆེན་གྱི་སློབ་གསོའི་ལག་ལེན་བྱ་འགུལ་སྐོར་དང་པོར་རྟོག་ཞིབ་དང་མཛུབ་སྟོན་གནང་།    ཞི་ཅིན་ཕེན་ཀྲིན་ཏེན་རྫོང་ཀྲིན་ཏེན་གྲོང་བརྡལ་ཐཱ་ཡོན་ཀྲོང་སྡེ་བར་ཕེབས་ནས་སྡེ་བའི་ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བྱ་བ་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་། ཁོང་གིས་ཐཱ་ཡོན་ཀྲོང་སྡེ་བས་ཕུལ་བྱུང་ན་གཞོན་ཞིང་བ་ཏང་ནང་དུ་ཞུགས་ནས“ཞིང་སྡེའི་ན་གཞོན་བཟང་བོ”བདམས་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་སྡེ་བའི་ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་སྡེ་བ་རིམ་པའི་རྩ་འཛུགས་ཀྱིས་ཆ་ཚང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྡེ་བ་རིམ་པའི་ཞབས་ཕྱིའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།    ཞི་ཅིན་ཕེན་ཞི་པད་ཕོ་རུ་ཕེབས་ནས། ཞི་པད་ཕོ་དྲན་གསོ་ཁང་དང་མའོ་ཙེ་ཏུང་གི་བཞུགས་གནས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འཐབ་འཛིང་གི་ལོ་རྒྱུས། ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་སྐབས་བདུན་པ་བསྡུ་ས་བཅས་ལ་གཟིགས་ཞིབ་མཛད་པ་དང་། མིང་གྲགས་ཆེ་བའི་ཟླ་དགུ་བའི་གྲོས་ཚོགས་བསྡུ་ས་ནས་ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཕེན་ཧྲན་རྫོང་གི་རྫོང་དང་ཞང་། སྡེ་བ་བཅས་ཀྱི་ལས་བྱེད་པ་དང་། ཏང་ཡོན་རྒན་པ། མང་ཚོགས་ཀྱི་འཐུས་མི་རྣམས་ལ་སྤྱོད་སྟངས་བཟང་བོ་ཆགས་པར་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་མཛད། སྤྱི་ཁྱབ་ཧྲུའུ་ཅིས་ཁོ་ཚོས་བཏོན་པའི་བསམ་འཆར་ལ་ཁས་ལེན་གང་ལེགས་མཛད།    ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་གྱི་བྱ་བ་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ཏང་ཡོན་བློ་མཐུན་དང་དང་ནང་སྒོས་སུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྤྱོད་སྟངས་བཟང་བོར་བརྟེན་ནས་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་རྒྱུ་དེ་ཡིན་ཟེར། ཁོང་གིས་ད་རུང་ཧི་པེ་ཞིང་ཆེན་ཏང་ཨུས་གཅིག་གྱུར་སྒོས་འཆར་འགོད་དང་ལྟ་རྟོག་བྱེད་པ་དང་། ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ་དང་། ཕྱོགས་གཉིས་ནས་དམ་འཛིན་བྱེད་པ་དང་། ཕྱོགས་གཉིས་ནས་ཡར་སྐུལ་བྱས་ཏེ། དེང་སྐབས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་པ་དང་། ནང་སྒོས་སུ་ཤུགས་ཆེན་པོས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བར་འགན་སྲུང་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བར་ཡར་སྐུལ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་དགོས་ཟེར།

 
  • ལེ་ཚན་སྔོན་མ།:«ཀྲུང་ཧྭའི་ཀུན་མཛོད་ཆེན་མོའི»རྩོམ་སྒྲིག་བྱ་བ་པེ་ཅིང་དུ་མགོ་བརྩམས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སི་ཁྲོན་ཏུའུ་ཅང་ཡན་གྲོང་ཁྱེར་གྱི་རི་ཉིལ་བའི་གནོད་འཚེ་ཧ་ཅང་ཚབས་ཆེན་གྱི་ཉེན་སེལ་མྱུར་སྐ
  • དོ་སྣང་ཆེ་བའི་རྩོམ།