ཞི་ཅིན་ཕིང་གིས་སི་ཁྲོན་ཏུའུ་ཅང་ཡན་གྲོང་ཁྱེར་གྱི་རི་ཉིལ་བའི་གནོད་འཚེ་ཧ་ཅང་ཚབས་ཆེན་གྱི་ཉེན་སེལ་མྱུར་སྐྱོབ་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ཕྱུག་ལོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-15

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ་བདུན་པའི་ཚེས་བཅུ་ཉིན་གྱི་དུས་ཚོད་བཅུ་དང་ཕྱེད་ཀ་ཙམ་གྱི་སྟེང་།བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་སི་ཁྲོན་ཞིང་ཆེན་ཏུའུ་ཅང་ཡན་གྲོང་ཁྱེར་ཀྲུང་ཞིན་གྲོང་རྡལ་སན་ཞི་སྡེ་བ་རུ་རི་ཉིལ་བའི་གནོད་འཚེ་ཧ་ཅང་ཚབས་ཆེན་བྱུང་།ཚེས་བཅུ་གཉིས་ཉིན་གྱི་དུས་ཚོད་བཅོ་ལྔ་དང་སྐར་མ་ཞེ་ལྔ་བར་དུ།གནོད་འཚེའི་ཁྲོད་ནས་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་།མི་བརྒྱ་དང་ཉེར་གསུམ་གར་སོང་མ་ཤེས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དེར་ཧ་ཅང་མཐོང་ཆེན་མཛད་དེ་མཛུབ་སྟོན་གལ་ཆེན་གནང་།ཁོང་གིས་འབྲེལ་ཡོད་ཕྱོགས་ཀྱི་སྟོབས་ཤུགས་མུ་མཐུད་དུ་རྩ་འཛུགས་བྱས་ཏེ།འབད་བརྩོན་ཆེས་ཆེན་པོས་གར་སོང་མི་ཤེས་པའི་མི་སྣ་འཚོལ་ཞིབ་མྱུར་སྐྱོབ་བྱེད་དགོས་པ་དང་མཉམ་དུ།འདས་འཇུག་དང་འདས་པོའི་ཁྱིམ་མི་ལ་སེམས་གསོ་བྱེད་པའི་བྱ་བ་བཟང་པོར་སྒྲུབ་དགོས་པའི་ཐུགས་རེ་བཏོན།  གནོད་འཚེ་བྱུང་རྗེས།ས་དེས་མྱུར་དུ་དམིགས་བསལ་ཉེན་རྟོག་པ་དང་།དྲག་ཆས་ཉེན་རྟོག་པ།མེ་གསོད་མི་སྣ།དམངས་དམག་སོགས་མི་སྟོང་ཕྲག་གི་མྱུར་སྐྱོབ་སྟོབས་ཤུགས་དང་བཟོ་སྐྲུན་འཕྲུལ་ཆས་བཅུ་ཕྲག་བཀོལ་ནས།སྟོབས་ཤུགས་ཡོད་རྒུས་འཚོལ་ཞིབ་དང་།ཚན་རིག་དང་མཐུན་པར་མྱུར་སྐྱོབ།དཀའ་ཁག་ལ་འཕྲད་པའི་མི་སྣ་དང་སྡེ་མི་གོ་རིམ་ལྡན་པར་གནས་སྤོར་བཅས་བྱས་པ་མ་ཟད།མི་སྣ་བཀོད་སྒྲིག་བྱེད་ས་མང་བོ་བཙུགས་ཏེ་མང་ཚོགས་གནས་སྐབས་སུ་བཀོད་སྒྲིག་བྱས་པ་དང་།འདས་པོའི་ཁྱིམ་མི་དང་གར་སོང་མི་ཤེས་པའི་མི་སྣའི་ཁྱིམ་མི་ལ་སྣེ་ལེན་དང་སེམས་གསོ་བྱས།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱ་བའི་ཚན་ཁག་མངགས་ཏེ་ཡུལ་དངོས་ནས་ཉེན་སེལ་མྱུར་སྐྱོབ་བྱ་བར་མཛུབ་སྟོན་བྱས།
 
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:འཛམ་གླིང་དུ་སྡོམ་སྐུད་ཅེས་པའི་ར་དང་པོ་ནང་སོག་སྐྱེ་བ།
  • དོ་སྣང་ཆེ་བའི་རྩོམ།