ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-07-11
པདྨ་ཚེ་བརྟན་གྱི་བརྩམས་སྒྲུང《འཆི་བའི་ཁ་དོག》ཅེས་པ《ཧྥང་ཚའོ》དུས་དེབ་ཏུ་བཀོད།
མིག་སྔར། བོད་རིགས་རྩོམ་པ་པོའམ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་ཉེ་བའི་སྒྲུང་ཐུང《འཆི་བའི་ཁ་དོག》ཅེས་པ་ཝུའུ་ཧན་གྱི2013ལོའི《ཧྥང་ཚའོ》དུས་དེབ་འདོན་ཐེངས3པའི་སྟེང་བཀོད་ཡོད་པ་རེད།
རྩོམ་པ་པོས་མཚམས་སྦྱོར་བྱས་པ་ལྟར་ན། བརྩམས་སྒྲུང་འདི་ནི་ན་ནིང་གི་ལོ་མཇུག་ཏུ་ཨ་རི་རུ་བྲིས་པ་དང་། རྩོམ་པ་པོ་རང་ཉིད་ཅུང་ཡིད་ཚིམ་པའི་བརྩམས་སྒྲུང་ཞིག་ཡིན་ལ། དེ་མིན་གཞན་དུ་རྒྱུས་ལོན་བྱུང་བ་ལྟར་ན། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང《འཆི་བའི་ཁ་དོག》ཅེས་པ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི2013ལོའི་གྲངས་ཉུང་མི་རིགས་རྩོམ་རིག་གལ་ཆེའི་བརྩམས་ཆོས་ཀྱི་རོགས་སྐྱོར་ལས་གཞི་ཁྲོད་ཚུད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10