སྐབས་དྲུག་པའི་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན་མི་འགྱངས་པར་སྤེལ་རྒྱུ་རེད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-07-11

 ཟླ7པའི་ཚེས5ཉིན། སྐབས་དྲུག་པའི་ཀྲུང་གོའི་བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན་གྱི་དཔྱད་འདེམས་ཚོགས་འདུ་དེ་ལྷ་ས་རུ་བསྡུས་ཤིང་། ཟླ7པའི་ཚེས4ཉིན་བར་དུ་རྒྱལ་ནང་གི་པར་མཁན་རྣམས་ཀྱིས་བསྐུར་པའི་པར་རིས་བརྩམས་ཆོས་ཁྲི་ཕྲག་ཅིག་འབྱོར་པ་རེད།
  ཚེས5ཉིན་གྱི་ཕྱི་དྲོར། སྐབས་དྲུག་པའི་ཀྲུང་གོའི་བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན་གྱི་དཔྱད་འདེམས་ཨུ་ཡོན་ལྷན་ཚོགགས་ཀྱིས་ཐེངས་དང་པོར་བདམས་པའི་བརྩམས་ཆོས1500ལས་བརྩམས་ཆོས260བདམས་རྗེས། དེའི་ཁྲོད་རིགས་དང་པོའི་བསྡུ་ཉར་བརྩམས་ཆོས1དང་། རིགས་གཉིས་པའི་བསྡུ་ཉར་བརྩམས་ཆོས3། རིགས་གསུམ་པའི་བསྡུ་ཉར་བརྩམས་ཆོས6། རིགས་བཞི་པའི་བསྡུ་ཉར་བརྩམས་ཆོས30བཅས་བདམས་པ་རེད།
  རྒྱུས་ལོན་པ་ལྟར་ན་སྐབས་དྲུག་པའི་ཀྲུང་གོའི་བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན་དེ་ཟླ8པའི་ཚེས5ཉིན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བསྡུ་རྒྱུ་ཡིན་པར་མ་ཟད། ཕུལ་དུ་བྱུང་བའི་བརྩམས་ཆོས་ལ་བྱ་དགའ་གནང་རྒྱུ་ཡིན་ལ། འགྲེམ་སྟོན་ཉིན10རུ་སྤེལ་རྒྱུ་རེད།
 

  • ལེ་ཚན་སྔོན་མ།: ཀྲུང་དབྱང་ནོར་སྲིད་ཀྱིས་ལོ3ནང་སྒོར་དུང་ཕྱུར80ཙམ་བཏང་ནས་ཞིང་སྡེའི་རྙིང་འགྱུར་ཆུ་གློག་ས་ཚུགས་བསྒྱུར་བ
  • ལེ་ཚན་རྗེས་མ།:པདྨ་ཚེ་བརྟན་གྱི་བརྩམས་སྒྲུང《འཆི་བའི་ཁ་དོག》ཅེས་པ《ཧྥང་ཚའོ》དུས་དེབ་ཏུ་བཀོད།
  • དོ་སྣང་ཆེ་བའི་རྩོམ།