ཀྲུང་དབྱང་ནོར་སྲིད་ཀྱིས་ལོ3ནང་སྒོར་དུང་ཕྱུར80ཙམ་བཏང་ནས་ཞིང་སྡེའི་རྙིང་འགྱུར་ཆུ་གློག་ས་ཚུགས་བསྒྱུར་བཀོད་བྱ་རྒྱུ།

        2013-07-11

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ7པའི་ཚེས5ཉིན་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་དང་ཆུ་བེད་པུའུ་ཡིས་ད་ལོ་ནས་བཟུང་ཁྱོན་ཡོངས་ནས་ཞིང་སྡེའི་ཆུ་གློག་གི་ཕན་འབྲས་འཕར་ཞིང་ཤོང་ཚད་རྒྱ་སྐྱེད་བསྒྱུར་བཀོད་བྱ་རྒྱུ་གཏན་འཁེལ་བྱས་ཤིང་། ལོ3ནང་སྒོར་དུང་ཕྱུར80ཙམ་བཏང་ནས་ཞིང་སྡེའི་རྙིང་པར་གྱུར་པའི་ཆུ་གློག་ས་ཚུགས་ཀྱི་ཕན་འབྲས་འཕར་ཞིང་ཤོང་ཚད་མཐོ་བར་སྐུལ་འདེད་བྱ་རྒྱུ་རེད།
    ཁྱོན་ཡོངས་ནས་ཕན་འབྲས་འཕར་ཞིང་ཤོང་ཚད་མཐོ་བར་བསྒྱུར་བཀོད་ལག་བསྟར་བྱེད་པའི་དམིགས་འབེན་ལས་འགན་དང་འཆར་གཞི་ནི2013ལོ་ནས་བཟུང་། 2015ལོའི་ལོ་མཇུག་གི་སྔོན་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར80ཙམ་བཏང་ནས་ས་གནས་སྲིད་གཞུང་དང་སྤྱི་ཚོགས་སྣེ་ཁྲིད་དེ་མ་དངུལ་སྒོར་དུང་ཕྱུར140བཏང་ནས1995ལོའི་ལོ་མཇུག་གི་སྔོན་འཛུགས་སྐྲུན་བྱས་ནས་ཐོན་འགོ་བཙུགས་པའི་རྙིང་པར་གྱུར་པའི་ཆུ་གློག་ས་ཚུགས4000ལྷག་གི་ཕན་འབྲས་འཕར་ཞིང་ཤོང་ཚད་མཐོ་བར་བསྒྱུར་བཀོད་བྱས་ཏེ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་ཤོང་ཚད་སྟོང་ཝ་ཁྲི680ནས་སྟོང་ཝ་ཁྲི810ལ་འཕར་སྣོན་བྱ་རྒྱུ། ལོ་རེའི་གློག་འདོན་ཚད་ཏུའུ་དུང་ཕྱུར220ནས་ཏུའུ་དུང་ཕྱུར320ལ་འཕར་སྣོན་བྱུང་ཐུབ་པ་རེད།
    མིག་སྔར། ཀྲུང་དབྱང་ནོར་སྲིད་ཀྱིས2013ལོར་ལག་བསྟར་བྱེད་འགོ་བཙུགས་པའི་ཀོང་ཏུང་སོགས་ཞིང་ཆེན20(ལྗོངས་དང་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར17.9སྔོན་སྤྲོད་བྱས་ཏེ་རྣམ་གྲངས2600ལས་འགོ་འཛུགས་པ་དང་། རྣམ་གྲངས500བསྐྲུན་རྒྱུར་མ་དངུལ་གཏོང་གང་ཐུབ་བྱ་རྒྱུ། དེ་མིན་ཞིང་ཆེན་གྱི་དུས་སྐབས་སྔ་མའི་ལས་ཀ་གྲུབ་པ་དང་ཆ་རྐྱེན་འཛོམས་རྗེས་བསྒྱུར་བཀོད་ལས་ཀ་ཅི་མགྱོ གས་གང་མགྱོ གས་ཀྱིས་སྤེལ་འགོ་འཛུགས་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར6.3བཏང་སྟེ་རྒྱུད་བཟང་གསོ་སྤེལ་སོགས་ཀྱི་རྣམ་གྲངས་བསྐྲུན་རྒྱུར་སྤ
  • ལེ་ཚན་རྗེས་མ།:སྐབས་དྲུག་པའི་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན་མི་འགྱངས་པར་སྤེལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།