ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར6.3བཏང་སྟེ་རྒྱུད་བཟང་གསོ་སྤེལ་སོགས་ཀྱི་རྣམ་གྲངས་བསྐྲུན་རྒྱུར་སྤྱད།

        2013-07-11

  ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ7པའི་ཚེས5ཉིན་འབྱོར་བའི་གཏམ་གསར། ཀྲུང་དབྱང་ནོར་སྲིད་ཀྱིས་ཚེས་ཟླ་བ5པའི་ཚེས4ཉིན2013ལོའི་ཞིང་ལས་ཀྱི་ཕྱོགས་བསྡུས་གསར་སྦོལ་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར6.3ཉེ་བ་བཏང་སྟེ་རྒྱུད་བཟང་གསོ་སྤེལ་དང་མཐུན་རྐྱེན་དང་ཁྱད་ཆོས་ལྡན་པའི་དཔེ་སྟོན་རྣམ་གྲངས་སྐྲུན་པར་སྤྱོད་རྒྱུ་རེད།
    མ་དངུལ་འདི་དག་ལ་རྒྱུད་བཟང་གསོ་སྤེལ་བྱ་རྒྱུའི་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི40283གཏོགས་ཡོད། འཛུགས་སྐྲུན་བྱ་རྒྱུའི་གཞི་ཁྱོན་ཧོ་པེ་དང་། ནང་སོག ཁྲུང་ཆིན་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)28དང་འབྲེལ་བ་ཡོད་པ་དང་། གཙོ་བོ་རྒྱུད་བཟང་གསོ་སྤེལ་བྱ་རྒྱུའི་མ་ལག་བསྐྲུན་པར་བརྒྱུད། དེང་རབས་ལོ་ཐོག་གི་འདེབས་འཛུགས་ལས་རིགས་སྤེལ་བར་སྐུལ་འདེད་བཏང་སྟེ་འདེབས་འཛུགས་ལས་རིགས་ལ་སྤུས་བཟང་གི་ས་བོན་འདོན་སྤྲོད་བྱེད་པ། མཐུན་རྐྱེན་དང་ཁྱད་ཆོས་ལྡན་པའི་དཔེ་སྟོན་རྣམ་གྲངས་བསྐྲུན་པར་བཏང་བའི་མ་དངུལ་སྒོར་ཁྲི22560ཡོད་པ། འཛུགས་སྐྲུན་བྱ་རྒྱུའི་གཞི་ཁྱོན་དེ་ཐན་ཅིན་དང་། ཧྲན་ཞི། ཉིང་ཞ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)29དང་ཆིན་ཏའོ་གྲོང་ཁྱེར་ལ་འབྲེལ་བ། གཙོ་བོ་སོག་མས་ཕྱུགས་གསོ་བའི་དཔེ་སྟོན་རྟེན་གཞི་དང་། ཆུ་ཐོན་དངོས་རིགས་དང་ཕྱུགས་ཟོག་གི་རྒྱུད་བཟང་གསོ་སྤེལ་རྟེན་གཞི་སྐྲུན་པར་རོགས་སྐྱོར་བྱས་པར་བརྒྱུད། ཞིང་ལས་ཐོན་རྫས་ཕན་ནུས་ལྡན་པའི་སྒོས་འདོན་སྤྲོད་བྱེད་ཚད་མཐོ་རུ་གཏོང་བ་དང་། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་གང་ཐུབ་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།: ཀོང་ཞི་ལིན་ཀུའེ་རྫོང་གི་གསོ་སྤེལ་སྤྱི་གཉེར་ཁང་གིས་མཉམ་ལས་བྱེད་མཁན་ཞིང་དུད་ཕྱུག་འགྱུར་གྱི་ལམ་དུ་ཁྲིད
  • ལེ་ཚན་རྗེས་མ།: ཀྲུང་དབྱང་ནོར་སྲིད་ཀྱིས་ལོ3ནང་སྒོར་དུང་ཕྱུར80ཙམ་བཏང་ནས་ཞིང་སྡེའི་རྙིང་འགྱུར་ཆུ་གློག་ས་ཚུགས་བསྒྱུར་བ
  • དོ་སྣང་ཆེ་བའི་རྩོམ།