མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-07-10
སྤྱི་ཟླ7པའི་ཚེས5ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཟི་ཁྲོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། པར་འདི་ནི་ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་མཁའ་སྐྱོད་སྡེ་ཚོགས་ཁྲིན་ཏུའུ་སྒུལ་བྱེད་འཕྲུལ་འཁོར་ཀུང་ཟི་རུ་བྱ་བར་རྟོག་ཞིབ་མཛད་པའི་ཚུལ་རེད།
སྤྱི་ཟླ7པའི་ཚེས5ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཟི་ཁྲོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། པར་འདི་ནི་ཀྲང་ཀའོ་ལིས་ཀྱིས་མགོ་འཛིན་མཛད་དེ་ཟི་ཁྲོན་དང་ཧི་ནན། ཧུའུ་པེ། ཁྲུང་ཆིན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་འགན་འཁུར་པ་ཞུགས་པའི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུ་བའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ7པའི་ཚེས5ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཟི་ཁྲོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་དེ། ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་དང་ཚན་རྩལ་གསར་སྐྲུན། གྲུབ་ཚུལ་ལེགས་སྒྲིག དམངས་འཚོ་འགན་སྲུང་སོགས་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། རྟོག་ཞིབ་བྱེད་སྐབས་ཀྲང་ཀའོ་ལིས་ཀྲུང་གོ་མཁའ་འགྲུལ་སྡེ་ཚོགས་ཁྲིན་ཏུའུ་སྒུལ་བྱེད་འཕྲུལ་འཁོར་ཀུང་ཟི་དང་ཨོ་ཐེ་སྨན་བཅོས་མ་ལག་ཀུང་ཟི། ཧྥུའུ་ཐུང་ཀོང་འཕྲིན་གཏོང་ལག་རྩལ་ཀུང་ཟི་སོགས་ལ་ཕེབས་ཏེ་ཁེ་ལས་ཀྱི་འགན་འཁུར་པ་དང་མཉམ་དུ་ཚོང་རའི་འཕེལ་ཕྱོགས་དང་གནས་པའི་གནས་དོན་ལ་གྲོས་བསྡུར་མཛད་པར་མ་ཟད་གྲོས་གཞི་དང་རེ་བ་བཏོན།
ཚེས་དྲུག་ཉིན་གྱི་སྔ་དྲོར་ཀྲང་ཀའོ་ལིས་ཀྱིས་མགོ་འཛིན་མཛད་དེ་ཟི་ཁྲོན་དང་ཧི་ནན། ཧུའུ་པེ། ཁྲུང་ཆིན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་འགན་འཁུར་པ་ཞུགས་པའི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཚེས་བདུན་ཉིན་གྱི་དགོང་མོར་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་གི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། ལུའུ་ཧྲན་ས་འགུལ་གྱི་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བར་བཀོད་སྒྲིག་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10