མཚོ་སྔོན་པོ་དྲ་བ། 2013-07-09
རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཆེད་ལས་སློབ་ཁྲིད་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།
སྤྱི་ཟླ7པའི་ཚེས8ཉིན། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཆེད་ལས་སློབ་ཁྲིད་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་དགུ་བ་དེ་ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་གྱི་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དུ་བསྡུས་ཤིང་། རྒན་བན་ཁོ་ལགས་དང་གྲགས་པ་ལགས། ལྕགས་ཐར་རྒྱལ་ལགས། འབའ་སྟོད་པདྨ་དབང་རྒྱལ་ལགས། རྡོར་གྲགས་ལགས་སོགས་མི་རིགས་སློབ་གྲྭ་ཆེན་མོ་བཅུ་གསུམ་ནས་ཕེབས་པའི་དགེ་རྒན་ཆེན་མོ་དང་སློབ་གླིང་གི་འགོ་གཙོ་རྣམས་ཚོགས་འདུར་ཞུགས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཉིན་གཉིས་རིང་དུ་སྤེལ་རྒྱུ་ཡིན་ལ། གཙོ་བོ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་བོད་སྐད་ཡིག་གི་སློབ་ཁྲིད་དང་། བོད་སྐད་ཡིག་ཆེད་ལས་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས། བོད་སྐད་ཡིག་གི་སློབ་ཁྲིད་ཇི་ལྟར་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ། དེ་མིན་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་སྲིད་ཇུས་སོགས་ཐད་ནས་བགྲོ་གླེང་བྱ་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10