རང་རྒྱལ་གྱིས་བྱེད་ཐབས་གང་མང་སྤྱད་དེ་ཞིང་ལས་བརྡ་འཕྲིན་ཅན་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་རྒྱུ།

མིག་དམར་གྱིས་བསྒྱུར།        2013-07-08

ཞིན་ཧྭ་གསར་འགྱུར་ཁང་ནན་ཅིན་ནས་འབྱོར་བའི་གཏམ་གསར། བརྡ་འཕྲིན་ཅན་དང་ཞིང་ལས་དེང་རབས་ཅན་མཉམ་འདྲེས་བྱེད་པར་སྐུལ་འདེད་ཇེ་མགྱོ གས་གཏོང་ཆེད། རང་རྒྱལ་གྱིས་མ་འོངས་པར་བརྡ་འཕྲིན་ལག་རྩལ་དེ་ཞིང་ལས་ཐོན་སྐྱེད་ཀྱི་མངའ་ཁོངས་དང་སྲིད་དོན་དོ་དམ་གྱི་མངའ་ཁོངས། དཔལ་འབྱོར་མངའ་ཁོངས་བཅས་ཀྱི་བཀོལ་སྤྱོད་དང་གསར་སྐྲུན་བྱེད་ཤུགས་ཇེ་ཆེར་གཏང་རྒྱུ་ཡིན་ཞིང་། ཞིང་ལས་ཕྱོགས་བསྡུས་བརྡ་འཕྲིན་གྱི་ཞབས་ཞུ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་ལས་བརྡ་འཕྲིན་ཅན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རེད།
    བརྡ་འཕྲིན་ཅན་གྱིས་ཐོན་ལས་རིམ་འཕར་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་རྫས་ཕན་འབྲས་ལྡན་པའི་ངང་ནས་མཁོ་འདོན་བྱེད་པར་ཁག་ཐེག་བྱ་རྒྱུ། བརྡ་འཕྲིན་ལག་རྩལ་དེ་སྲིད་དོན་དོ་དམ་མངའ་ཁོངས་སུ་བཀོལ་སྤྱོད་ཇེ་མགྱོ གས་བྱས་ནས་ཞིང་ལས་སྲིད་དོན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏང་རྒྱུ། བརྡ་འཕྲིན་ལག་རྩལ་དེ་ཞིང་ལས་བདག་གཉེར་མངའ་ཁོངས་སུ་གསར་སྐྲུན་བྱེད་པར་སྐུལ་འདེད་བྱས་ནས་ཞིང་ལས་བདག་གཉེར་དྲ་རྒྱ་ཅན་གྱི་ཆུ་ཚད་མཐོ་རུ་གཏང་རྒྱུ། ཕྱོགས་བསྡུས་བརྡ་འཕྲིན་གྱི་ཞབས་ཞུ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་པར་སྟོབས་བདེའི་བརྡ་འཕྲིན་ཞབས་ཞུ་འདོན་རྒྱུ། ཞིང་ལས་བརྡ་འཕྲིན་ཅན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ལས་ཀྱི་རྨང་གཞི་སྒྲིག་ཆས་དང་སྒྲིག་སྦྱོར། བརྡ་འཕྲིན་ལག་རྩལ་བཅས་ཁྱོན་ཡོངས་ནས་མཉམ་འདྲེས་མགྱོ གས་པོ་བྱ་རྒྱུ་བཅས་ཡིན་པ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་བཏང་སྟེ་ཞིང་འབྲོག་ལས་རིགས་ཀྱི་ཉེན་འགོག་འགན་ལེན་གྱི་མ་དངུལ
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཆེད་ལས་སློབ་ཁྲིད་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།