མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་བཏང་སྟེ་ཞིང་འབྲོག་ལས་རིགས་ཀྱི་ཉེན་འགོག་འགན་ལེན་གྱི་མ་དངུལ་ཁ་གསབ་བྱེད།
མིག་དམར་གྱིས་བསྒྱུར། 2013-07-08
ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་རྒྱུར། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་ཁག་གི་ནོར་སྲིད་ཀྱིས་ཉེན་འགོག་འགན་ལེན་གྱི་ཁ་གསབ་རོགས་དངུལ་སྤྲད་ཚད་དེ་ན་ལོ་ལས་གསུམ་ཆ་གཅིག་ཡན་འཕར་ཞིང་སྒོར་ཁྲི11445ལ་ཟིན་པ་རེད།
ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་ལ་ཐུག་པའི་ཉེན་ཁའི་གནོད་སྐྱོན་ལ་ཕན་འབྲས་ལྡན་པའི་སྒོས་འགོག་སྲུང་དང་། ཞིང་འབྲོག་ལས་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་བརྟན་བརླིང་གིས་མཐོ་རུ་གཏོང་ཆེད། མཚོ་སྔོན་གྱིས་སྔར་ལྷག་གིས་སྲིད་ཇུས་རང་བཞིན་གྱི་ཞིང་འབྲོག་ལས་རིགས་ཀྱི་ཉེན་འགོག་འགན་ལེན་གྱི་ཁ་གསབ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་འབྲོག་ལས་རིགས་ཀྱི་ཉེན་འགོག་ཁྱབ་ཚད་རྒྱ་སྐྱེད་བྱས་པ་རེད། ཉེན་འགོག་འགན་ལེན་གྱི་གཞི་ཁྱོན་དེ་ན་ལོའི་རྫོང་ཁག་དང་གྲོང་ཁྱེར17ནས་རྫོང་ཁག་དང་གྲོང་ཁྱེར27ལ་འཕར་སྣོན་བྱས། ཉེན་འགོག་གི་འཆར་གཞི་གཞི་ཁྱོན་དེ་ན་ལོའི་མུའུ་ཁྲི150ནས་མུའུ་ཁྲི211ལ་འཕར་སྣོན་བྱས། ཉེན་འགོག་འགན་ལེན་བྱ་རྒྱུའི་རིགས་དེ་ན་ལོའི11ནས13ལ་འཕར་སྣོན་བྱས་པ་མ་ཚད། གྲོ་དང་ཡུངས་དཀར། ནས། མ་རྨོ་ལོ་ཏོག ཞོག་ཁོག རྒྱ་སྲན། ས་ཞིང་ཆེན་པོའི་སྔོ་ཚལ། དྲོད་སྤྱིལ་སྔོ་ཚལ། སྐྱེ་འཕེལ་གྱི་ནུས་པ་ཡོད་པའི་ཕག གསོན་ཕག བཞོན་མ། བོད་ལུག འབྲི་གཡག་བཅས་ཚང་མ་ཉེན་འགོག་འགན་ལེན་གྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་གཞི་ཁྱོན་ནང་བཞག་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཆུ་གྲང་ནང་གསོ་སྤེལ་མགྱོ གས་མྱུར་འཕེལ་རྒྱས་གཏོང་བདང་གསོ་སྤེལ་དུད་ཚང་གི་ཐོན་སྐྱེད་བདག་གཉེར་གྱི་ཉེན་ཁ་བལྟོས་བཅས་ཀྱི་ཆེ་རུ་ཕྱིན་པའི་དོན་དངོས་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་སྡེ་ཁག་གིས་ཧུར་བརྩོན་གྱིས་ཆུ་ཐོན་གསོ་སྤེལ་ཉེན་འགོག་འགན་ལེན་གྱི་ཚོད་ལྟ་ལས་ཀ་སྤེལ་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཆུ་ཐོན་གསོ་སྤེལ་ལས་རིགས་སྔར་ལྷག་གིས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བཏང་བ་རེད།