ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-07-10
ཉེ་ལམ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདེ་སྐྱིད་མཚོའི་ཆེད་དཔེ《དེང་རབས་བོད་ཀྱི་རྩོམ་པ་པོའི་སྐད་གཉིས་གསར་རྩོམ་ཞིབ་འཇུག》ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། རྩོམ་པ་པོས2000ལོར་སྤེལ་བའི《གླུ་གྱེར་བར་ནོངས་འགྱོད་མེད》(དེང་རབས་བོད་རིགས་རྩོམ་པ་པོའི་བརྩམས་ཆོས་ལེགས་འདེམ)ཀྱི་རྨང་གཞིའི་སྟེང་བཅོས་སྒྱུར་དང་རྒྱ་བསྐྱེད། དེ་མིན་སྐད་གཉིས་གསར་རྩོམ་ཞིབ་འཇུག་གི་དཔྱད་རྩོམ་ཁ་སྣོན་བྱས་རྗེས་པར་བསྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ཞིང་། དཔེ་དེབ་ཁྲོད་དོན་འགྲུབ་རྒྱལ་དང་། མཁས་གྲུབ། འཇུ་སྐལ་བཟང་སོགས་རྩོམ་པ་པོ20ལྷག་གླེང་ཡོད་པ་རེད།
རྩོམ་པ་པོ་ངོ་སྤྲོད།
བདེ་སྐྱིད་མཚོ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་རབ་འབྱམས་པའི་ཁྲིད་སྟོན་དགེ་རྒན་ཡིན་པ་དང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི། བོད་ཀྱི་དེང་རབས་རྩོམ་རིག་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་ལོ་ཙཱ་དང་བོད་ཀྱི་རིག་གནས་སོགས་ཡིན། པར་བསྐྲུན་བརྩམས་ཆོས་ལ《སི་ཁྲོན་བོད་ཁུལ་གྱི་རིག་གནས་སྒྱུ་རྩལ》སོགས་ཆེད་དཔེ7ཡོད་པ་དང་། རིག་གཞུང་དཔྱད་རྩོམ40ལྷག་སྤེལ་མྱོང་། དེ་མིན《བོད་ཀྱི་ཉེ་རབས་དང་དེང་རབས་རྩོམ་རིག་དཔྱད་བརྗོད》སོགས་བསླབ་གཞི་འགའ་པར་དུ་བསྐྲུན་མྱོང་བ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་མིང་གྲགས་བསྟན་བཅོས་ཀྱང་བསྒྱུར་མྱོང་།
ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་དང་། གྲངས་ཉུང་མི་རིགས་རྩོམ་རིག་དཔྱད་བརྗོད་ཕུལ་བྱུང་བྱ་དགའ་སོགས་ཐོབ་ཅིང་། སི་ཁྲོན་ཞིང་ཆེན་ཕུལ་བྱུང་དགེ་རྒན་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་སློབ་སྒྲུབ་སྙན་གྲགས་དགེ་རྒན་སོགས་ཀྱི་གཟེངས་རྟགས་མང་པོ་བླངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10