རང་ཁུལ་གྱིས་བློ་སེམས་མཉམ་གཏད་བྱེད་སྒོ་ཡོངས་སུ་ཁྱབ་པའི་ལས་ཀའི་ཕྱོགས་བསྡུས་གསལ་བཤད་བྱས།

        2013-07-05

 ཁུལ་དང་རྫོང་གི་འགོ་ཁྲིད768ཀྱིས་དགོན་པ་དང་ཆོས་ཁང532དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་3437ལ་ཐད་ཀར་འབྲེལ་བ་བྱས་ནས་འབྲེལ་ལམ་གཅིག་བཙུགས་པ་དང་སྙིང་གཏམ་བཤད་པའི་ཚོགས་འདུ་ཐེངས་རེ་འཚོགས་པ།གཅེས་སེམས་ཞིག་སྐྱེལ་བ།རྣམ་གྲངས་ཚོ་གཅིག་ཡག་མོ་འཛུགས་སྐྲུན་བྱེད་པ།ལམ་ལུགས་གཅིག་གསར་འཛུགས་བྱེད་པ།དཔུང་སྡེ་གཅིག་འཛུགས་སྐྲུན་བྱེད་པ།སྔོན་ཐོན་ཚོ་གཅིག་ལ་གཟེངས་བསྟོད་གནང་བ་སོགས་གཅིག་ཅན་བྱེད་སྒོ་བདུན་སྤེལ་བར་བརྒྱུད་ནས་འགོ་ཁྲིད་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་འཐུས་ཚབ་མི་སྣ་ཕན་ཚུན་ལྷག་བསམ་རྣམ་དག་གིས་གྲོགས་པོ་སྒྲིག་བཅུག་ནས་བརྩེ་དུང་ཇེ་ཟབ་ཏུ་ཆགས་བཅུག་པ།མིག་སྔར་སླེབས་དུས།ཆོས་ལུགས་ལས་རིགས་ཀྱི་མི་སྣ9500དང་གཅིག་སེམས་གཅིག་ལ་གཏད་ནས་སྙིང་གཏམ་བཤད་ཡོད།སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཚོགས་འདུ་ཐེངས་མ2000འཚོགས་པ།དབུལ་ཕོངས་ཀྱི་གྲྭ་བཙུན11500ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་དང་ཞིང་སྡེའི་འགན་སྲུང་ལྔ།གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་ནང་བཞག་ནས་གསོ་བ་རེད།གྲྭ་བཙུན9136ལ་རོགས་དངུལ་སྦྱིན་ནས་གྲོང་རྡལ་གྱི་སྨན་བཅོས་འགན་སྲུང་དང་རྣམ་པ་གསར་པའི་ཞིང་སྡེའི་སྨན་བཅོས་མཉམ་ལས་ཁང་ནང་ཞུགས་བཅུག་པ། མ་དངུལ་སྒོར་ཁྲི5000ལྷག་ཙམ(དེའི་ནང་གེ་དང་མི་ལག་བརྒྱབ་པ་དེ་དངུལ་ཐོག་ཕབ་ནས་བརྩིས་ཡོད)བརྒྱབ་ནས་དགོན་པ51གི་གློག་དང་ཆུ།གཞུང་ལམ།རྒྱང་བསྒྲགས་བརྙན་འཕྲིན།ཁ་པར་བཅས་ལྔ་གཏོང་ཐུབ་པའི་འཛུགས་སྐྲུན་དང་དགོན་པ33གྱི་ཉེན་ཁ་ཅན་གྱི་ཁང་པར་བསྒྱུར་བཀོད་ལས་ཀ་བཅས་ལ་སྤྱོད་པ་རེད།གཞན་ཡང་མ་དངུལ་སྒོར་ཁྲི1105བརྒྱབ་ནས་དགོན་པ221གི་དཔེ་མཛོད་ཁང་འཛུགས་རྒྱུའི་ཐོག་སྤྱོད་པ་རེད།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རོ་མ་ནི་ཡའི་ཙུང་ལི་ཕེང་ཐ་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།: རྒྱལ་ཡོངས་ཀྱི་བརྒྱ་ཆ99.05ཡི་ཐུན་མོང་ནགས་སའི་དབང་ཆ་གཏན་འཁེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།