ཞི་ཅིན་ཕེན་གྱིས་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མཁའ་སྐྱོད་པར་བྱམས་བརྩེ་ངང་ཁ་པར་བཏང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-06-26

ཞི་ཅིན་ཕེན་གྱིས་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མཁའ་སྐྱོད་པར་བྱམས་བརྩེ་ངང་ཁ་པར་བཏང་བ།

སྤྱི་ཟླ6པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མཁའ་སྐྱོད་ཚོད་འཛིན་ལྟེ་གནས་ནས་ལྷའི་ཕོ་བྲང་དང་པོ་རྟགས་ཅན་གྱི་འཕུར་གྲུའི་སྟེང་ལས་འགན་བསྒྲུབ་བཞིན་པའི་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མཁའ་སྐྱོད་པ་ཉེ་ཧེ་ཧྲིན་དང་ཀྲང་ཞོ་ཀོང་། ཝང་ཡ་ཕེན་གསུམ་ལ་བྱམས་བརྩེ་ངང་ཁ་པར་བཏང་།

  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས24ཉིན་གྱི་སྔ་དྲོར་པེ་ཅིན་མཁའ་སྐྱོད་ཚོད་འཛིན་ལྟེ་གནས་ནས་ལྷའི་ཕོ་བྲང་དང་པོ་རྟགས་ཅན་གྱི་འཕུར་གྲུའི་སྟེང་ལས་འགན་བསྒྲུབ་བཞིན་པའི་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མཁའ་སྐྱོད་པ་ཉེ་ཧེ་ཧྲིན་དང་ཀྲང་ཞོ་ཀོང་། ཝང་ཡ་ཕེན་གསུམ་ལ་བྱམས་བརྩེ་ངང་ཁ་པར་བཏང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་མཛད་དེ། མཁའ་སྐྱོད་པ་གསུམ་པོར་ལྷག་བསམ་རྣམ་དག་གིས་ཁམས་འདྲི་བྱས།

  ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ་དེ་སྤྱི་ཟླ6པའི་ཚེས11ཉིན་བར་སྣང་དུ་བཏང་བའི་ཚུན་ལ། ཞི་ཅིན་ཕེན་གྱིས་ལས་འགན་བསྒྲུབ་བཞིན་པའི་མཁའ་སྐྱོད་པ་གསུམ་ལ་ཐུགས་ཁུར་ཆེན་པོ་གནང་། ཐེངས་འདིར་ཞི་ཅིན་ཕེན་ཆེད་དུ་པེ་ཅིན་མཁའ་སྐྱོད་ཚོད་འཛིན་ལྟེ་གནས་ལ་ཕེབས་ཏེ་ཁ་པར་གྱི་ལམ་ནས་མཁའ་སྐྱོད་པའི་བརྩོན་སེམས་སྐུལ་བ་དང་། ཁོ་ཚོར་ཐུགས་རེ་ནན་མོ་བཏོན།

  ཞི་ཅིན་ཕེན་པེ་ཅིན་མཁའ་སྐྱོད་ཚོད་འཛིན་ལྟེ་གནས་ནས་ད་དུང་ལྷའི་ཕོ་བྲང་དང་པོ་རྟགས་ཅན་དང་ལྷ་གྲུ་བཅུ་བ་རྟགས་ཅན་གྱི་མི་སྡོད་འཕུར་སྐྱོད་ལས་འགན་སྒྲུབ་པའི་གནས་ཚུལ་མཚམས་སྦྱོར་ལ་ཉན་པ་དང་། བླངས་པའི་གྲུབ་འབྲས་ཁས་ལེན་གང་ལེགས་མཛད།

  ཁ་པར་བཏང་ཚར་རྗེས། ཞི་ཅིན་ཕེན་མཁའ་སྐྱོད་ཚོད་འཛིན་ཚོམས་ཁང་གི་ལས་བྱེད་མི་སྣའི་ཁྲོད་ཕེབས་ཏེ་ཚང་མར་རེ་རེ་བཞིན་ཕྱག་འཇུ་དང་ཁམས་འདྲི་བྱས།
མཱ་ཁེ་དང་ལིག་ཡན་ཏུང་། ཧྥན་ཁྲང་ལུང་། ལིས་ཀྲན་ཧྲུའུ་སོགས་ཁ་པར་གཏོང་བའི་བྱ་འགུལ་ལ་ཞུགས།  །

 

0

 

  • ལེ་ཚན་སྔོན་མ།:ཉག་རོང་རྫོང་སྲིད་གྲོས་ཀྱིས་ཏང་སྲོལ་སྲིད་གཙང་དངོས་འཛིན་བྱས་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ས
  • ལེ་ཚན་རྗེས་མ།:2013ལོའི་ཀྲུང་གོ(མཚོ་སྔོན)བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ཟི་ལིང་ནས་མཇུག་རྫོགས་པ།
  • དོ་སྣང་ཆེ་བའི་རྩོམ།