མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-06-26
དུས་ཡུན་ཉིན་ལྔའི་རིང་གི2013ལོའི་ཀྲུང་གོ(མཚོ་སྔོན)བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ཚེས24ཉིན་ཟི་ལིང་ནས་མཇུག་རྫོགས།
དུས་ཡུན་ཉིན་ལྔའི་རིང་གི2013ལོའི་ཀྲུང་གོ(མཚོ་སྔོན)བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ཚེས་ཉེར་བཞིའི་ཉིན་ཟི་ལིང་ནས་མཇུག་རྫོགས། རྒྱུས་ལོན་བྱུང་བ་ལྟར་ན། སྐབས་སྔོན་མའི་འགྲེམ་སྟོན་དང་བསྡུར་ན་རེབ་འདིའི་འགྲེམ་སྟོན་ཚོགས་འདུ་དེ་རྒྱལ་སྤྱི་ཅན་དང་། ཆེད་ལས་ཅན་གྱི་ཆུ་ཚད་སྟེང་ནས་གྲངས་ཀ་དང་རྒྱུ་སྤུས་སོགས་ཇེ་མཐོར་སོང་ཞིང་། རྒྱལ་ཁབ་ཕྱི་ནང་གི་འགྲེམ་སྟོན་ཚོང་བ་དང་། ཉོ་སྡུད་ཚོང་བ། འགྲེམ་སྟོན་ཐོན་རྫས་རིགས་ཀྱི་གྲངས་ཀ་དང་། ཉོ་ཚོང་བཙོངས་ཚད། མཉམ་ལས་ལས་གཞིའི་གྲོས་མཐུན་འདོད་བློའི་གྲངས་ཚད། ཕྱི་ཕྱོགས་ཉོ་ཚོང་གྲོས་མཐུན། ཚོགས་འདུར་ཞུགས་པའི་མང་ཚོགས་ཀྱི་གྲངས་ཀ་སོགས་ཕྱོགས་གང་ཐད་ནས་ཕན་འབྲས་མངོན་གསལ་བླངས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན།
སྐབས་འདིའི་འགྲེམ་སྟོན་ཚོགས་འདུར་འཛམ་གླིང་ཡོངས་ཀྱི་ས་གདན་ཐོན་སྐྱེད་བྱེད་ས་གཙོ་བོའི་རྒྱལ་ཁབ་བདུན་ནས་ཡོང་བའི་ཁེ་ལས་བརྒྱ་དང་བཅུ་འགྲེམ་སྟོན་དུ་ཞུགས། རྒྱལ་ཁབ་དང་ས་ཁུལ་སོ་གཅིག་ནས་ཡོང་བའི་སྐུ་མགྲོན་དང་ཚོང་བ་འགྲེམ་སྟོན་དུ་ཞུགས་པར་མ་ཟད། རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་སུམ་ཅུ་ནས་ཡོང་བའི་འགྲེམ་སྟོན་ཚོང་བ་དང་ཉོ་སྡུད་ཚོང་བ་འགྲེམ་སྟོན་དུ་ཞུགས། ཧྲན་ཧྭ་དང་། ཏུང་ཧྥེང་། ཧྭ་ཏི། ཧྲིན་ཏིས་སོགས་རྒྱལ་ནང་གི་ས་གདན་ལས་རིགས་ཀྱི་ཁེ་ལས་ཀུང་ཟི་དང་དེ་མིན་ཅུའུ་རན་དང་། ཡུས་ཅཱ། ཧོང་ཞིན་མའེ་ཁེ་ལུང་སོགས་ཁེ་ལས་ཆེན་པོའི་ཀུང་ཟི་མཚོ་སྔོན་གྱི་འགྲེམ་སྟོན་དུ་ཞུགས། རྒྱལ་ཁབ་ཕྱི་ནང་གི་འགྲེམ་སྟོན་ཚོང་བ་དང་། ཉོ་སྡུད་ཚོང་བ་སྟོང་ལྔ་དང་སུམ་བརྒྱ་ལྷག་ཏུ་བསླེབས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འགྲེམ་སྟོན་ཁེ་ལས་དྲུག་བརྒྱ་དང་ལྔ་ཅུར་བསླེབས་པས། རེབ་འདིའི་འགྲེམ་སྟོན་ཚོགས་འདུས་རྒྱལ་ཁབ་ཕྱི་ནང་གི་ཚོང་རྣམས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་སུ་བཅུག་པར་མ་ཟད། འགྲེམ་སྟོན་འཕེལ་རྒྱས་སུ་གཏོང་བར་གསོན་ཤུགས་གསར་བ་བསྣན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10