རྒྱལ་ཁབ་ཀྱིས་སྒོ་ཡག་ཐང་དང་ཁྲོ་ལའི་ཕུག་ལམ་ལ་མ་དངུལ་འཇོག་རྒྱུའི་འཆར་གཞི་སྤྲད།
དབྱངས་ཅན་གྱིས་བསྒྱུར། 2013-06-25
རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག317པའི་སྒོ་ཡག་ཐང་ནས་སྐམ་ཐོག(ཁྲོན་བོད་ས་མཚམས་)བར་གྱི་གཞུང་ལམ་གྱི་ཨར་ལས་དང་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག317པའི་ཁྲོ་ལའི་ཕུག་ལམ་གྱི་ཨར་ལས་ནི་ཞིང་ཆེན་དང་ཁུལ་གྱི་གཙོ་གནད་ཆེ་བའི་འགྲིམ་འགྲུལ་རྣམ་གྲངས་ཀྱི་ཨར་ལས་རེད། མིག་སྔར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་བོད་ཁུལ་དུ་བརྒྱུས་པའི་གཞུང་ལམ་དག་བཅོས་ཀྱི་ཨར་ལས་2013ལོར་མ་དངུལ་འཇོག་རྒྱུའི་འཆར་གཞི་བཀོད་ཟིན་པ་དང་། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག317པའི་སྒོ་ཡག་ཐང་ནས་སྐམ་ཐོག(ཁྲོན་བོད་ས་མཚམས)བར་གྱི་གཞུང་ལམ་དུམ་བུ་ལ་ཀྲུང་དབྱང་གིས་སྔོན་རྩིས་མ་དངུལ་ནང་སྒོར་ཁྲི92633འཇོག་པ་དང་། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག317པའི་ཁྲོ་ལའི་ཕུག་ལམ་ལ་ཀྲུང་དབྱང་གིས་སྔོན་རྩིས་མ་དངུལ་ནང་སྒོར་ཁྲི20000འཇོག་ནས་ཁྱོན་བསྡོམས་སྒོར་ཁྲི112633བཀོད་སྒྲིག་བྱས་ཡོད་པ་རེད།