རང་ཁུལ་གྱིས་ཞིབ་དཔྱད་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཀྱི་སྤུས་ཚད་

དབྱངས་ཅན་གྱིས་བསྒྱུར།        2013-06-25

ཟླ་བ5པར་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་ས་ཚུགས་ཀྱིས་སི་ཁྲོན་ཀྲེང་ཞིན་གཙོ་གནད་གཞུང་ལམ་གྱི་ཚོད་ལྟ་དང་ཞིབ་དཔྱད་ཚད་ལེན་གྱི་ཚད་ཡོད་འགན་འཁྲི་ཀུང་སི་ལ་མངགས་བཅོལ་བྱས་ནས་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག318པའི་འགོ་ལོག་ཐོག་ནས་མཚོ་ལ་བར་དང་། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག317པའི་སྒོ་ཡག་ཐང་ནས་སྐམ་ཐོག་བར་གྱི་ཨར་ལས་སོགས་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས13གྱི་ཨར་ལས་ཀྱི་སྤུས་ཚད་ལ་འཐེན་ཞིབ་བྱས་པ་རེད།
    ལམ་གཞིའི་ཨར་ལས་ཐད་ཚན་པ་100འཐེན་ཞིབ་བྱས་པ་དེ་ཚང་མ་ཚད་དང་མཐུན་ནས་ཚད་མཐུན་དང་ཚད་བརྒྱ་ཆ་བརྒྱ་ལ་སླེབས་པ་དང་། ལམ་ངོས་ཀྱི་ཨར་ལས་ཚན་པ29འཐེན་ཞིབ་བྱས་ནས་ཚན་པ28ཚད་དང་མཐུན་པས་ཚད་དང་མཐུན་ཚད་བརྒྱ་ཆ96.55ལ་སླེབས་པ་རེད། ཟམ་པའི་ཨར་ལས་ཚན་པ44འཐེན་ཞིབ་བྱས་ནས་ཚང་མ་ཚད་དང་མཐུན་ནས་ཚད་དང་མཐུན་ཚད་བརྒྱ་ཆ100ལ་སླེབས་པ་རེད། ཕུག་ལམ་གྱི་ཨར་ལས་ཚན་པ7འཐེན་ཞིབ་བྱས་ནས་ཚང་མ་ཚད་དང་མཐུན་པས་ཚད་དང་མཐུན་ཚད་བརྒྱ་ཆ་100ལ་སླེབས་ཡོད། གཙོ་ཆེ་བའི་རྒྱུ་ཆ་ཆེན་པོ་གསུམ་གྱི་ཚན་པ106ལ་འཐེན་ཞིབ་བྱས་ནས་ཚན་པ91ཚད་དང་མཐུན་པས་ཚད་དང་མཐུན་ཚད་85.85ལས་སླེབས་པ། སྤྱི་ཁོངས་ཐོག་ནས་སྤུས་ཚད་ཚོད་འཛིན་བྱེད་བཞིན་པ་དང་འཐེན་ཞིབ་བྱེད་སྐབས་མཐོང་བའི་གནས་ཚུལ་དེ་ཚོ་རྣམ་གྲངས་ཁེ་ལས་བདག་པོ(འཛུགས་སྐྲུན་ཚབ་བྱེད་སྡེ་ཚན)་ལ་ཕྱིར་སྤྲད་བྱས་པ་དང་དུས་བཀག་ལྟར་ལེགས་བཅོས་བྱེད་བཅུག་པ་རེད།
  • ལེ་ཚན་སྔོན་མ།:རྔ་བ་ཁུལ་ཆུ་ཆེན་རྫོང་གི་དགའ་གནས་ནས་རྟའུ་རྫོང་བར་གྱི་གཞུང་ལམ་རྒྱས་སྐྲུན་ཨར་ལས་ཀྱི་སྔོན་མར་ལག་བསྟར་བྱས
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱིས་སྒོ་ཡག་ཐང་དང་ཁྲོ་ལའི་ཕུག་ལམ་ལ་མ་དངུལ་འཇོག་རྒྱུའི་འཆར་གཞི་སྤྲད།
  • དོ་སྣང་ཆེ་བའི་རྩོམ།