ཉེ་ཆར།བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་དར་མདོའི་ཐད་ཚོང་ཁང་སྒོ་ཕྱེ་བ་རེད།བོད་ལྗོངས“བདུད་རྩི”བོད་སྨན་མ་རྐང་ཚད་ཡོད་ཀུང་སི་ལ(སྔོན་མའི་བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ)ནི་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་རེད། དེང་སང་རྒྱལ་ཁབ་ཀྱི་སྨན་རྫས་ཐོན་སྐྱེད་སྤུས་ཚད་དོ་དམ་ཚད་གཞི་དང་མཐུན་པའི་དེང་རབས་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་གྱི་ཆ་རྐྱེན་ལྡན་ལ། ཚན་རིག་ཞིབ་འཇུག་ལ་བྱང་ཚད་མཐོ་བའི་དཔུང་སྡེ་ཁག་ཅིག་ཡོད་པས་“བདུད་རྩི”རྟགས་ཅན་གྱི་སྨན་རྫས་མ་ལག་ཐོན་སྐྱེད་ལས་སྨན་སྣ360དང་རྒྱལ་ཁབ་ཀྱི་སྨན་རྫས་ཚད་ལྡན་ཨང་རྟགས55། དེ་ལས་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པའི་སྣ་གྲངས10དང་སྣ་གྲངས་16རྒྱལ་ཁབ་ཀྱི་རྩ་བའི་སྨན་རྫས་ཀྱི་དཀར་ཆག་ཏུ་བཞག་པ་རེད། ཐོན་རྫས་གཙོ་བོ་ལ་རཏྣ་བསམ་འཕེལ་དང་རིན་ཆེན་གྲང་སྦྱོར།བྱུར་དམར་བདུན་ཅུ།སེ་འབྲུ་དྭངས་གནས་སོགས་རྒྱལ་ཕྱི་ནང་ཀུན་ཏུ་སྙན་པར་གྲགས་པ་རེད།