མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་དེ་ཟི་ལིང་དུ་བཙུགས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-06-21

མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་དེ་ཟི་ལིང་དུ་བཙུགས་པ།
མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་དེ་ཟི་ལིང་དུ་བཙུགས་པ།

  ཟླ6པའི་ཚེས15ཉིན། མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་དེ་ཟི་ལིང་དུ་བཙུགས་ཤིང་། མཐུན་ཚོགས་འདིས་གཙོ་བོ་མཚོ་སྔོན་གྱི་བོད་ལུགས་གསོ་བ་རིག་པའི་ལས་རིགས་ཀྱི་འཕེལ་རྒྱས་དང་། རིག་གཞུང་བགྲོ་གླེང་། ཐོན་རྫས་ཞིབ་འཇུག་དང་འདོན་སྤེལ་སོགས་ལ་ནུས་པ་འདོན་རྒྱུ་རེད།

མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་དེ་ཟི་ལིང་དུ་བཙུགས་པ།
མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་འོད་ཚོགས་ཆེན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

  མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་འཛུགས་པའི་ཚོགས་འདུའི་སྟེང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་འོད་ཚོགས་ཆེན་ལགས་མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་རུ་བདམས་པ་དང་། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་སུང་ཐའེ་ཇུན་ལགས་མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་ཀྱི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རུ་བདམས་པ་རེད།

མཚོ་སྔོན་བོད་ལུགས་གསོ་རིག་མཐུན་ཚོགས་དེ་ཟི་ལིང་དུ་བཙུགས་པ།
རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་ཆེད་མཁས་གྲགས་ཅན་ཉི་མ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

  ཉིན་དེའི་ཕྱི་དྲོར་བོད་ལུགས་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་ཆེད་མཁས་གྲགས་ཅན་ཉི་མ་ལགས་སོགས་བོད་ལུགས་གསོ་བ་རིག་པའི་ཁྱབ་ཁོངས་ཀྱི་ཆེད་མཁས་རྣམས་ཀྱིས་རིག་གཞུང་གི་རིན་ཐང་དོད་པོ་ལྡན་པའི་སྙན་ཞུ་གནང་བ་རེད།

  • ལེ་ཚན་སྔོན་མ།:ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས2013ལོའི་སྐབས་བཞི་བའི་དམའ་འབྲིང་མཐར་ཕྱིན་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་ན་གཞོན་གླུ་བའི་འགྲན་སྡུར་སྟེང་ཚེ་རིང་གཡང་འཛོམས་ཀྱིས་འབྲས་བུ་ལེགས་པོ་བླངས་པ།
  • དོ་སྣང་ཆེ་བའི་རྩོམ།