བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-06-24
རྒྱལ་ཡོངས་ཀྱི་ན་གཞོན་གླུ་བའི་འགྲན་སྡུར་སྟེང་ཚེ་རིང་གཡང་འཛོམས་ཀྱིས་འབྲས་བུ་ལེགས་པོ་བླངས་པ།
ཉེ་ཆར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ཀྱི་ན་གཞོན་གླུ་བའི་འགྲན་སྡུར་སྟེང་། བོད་ལྗོངས་ཀྱི་འགྲན་ཞུགས་པ་ཚེ་རིང་གཡང་འཛོམས་ཀྱིས་མི་རིགས་གཞས་སྲོལ་གྱི་ཨང་བཞི་པ་བླངས་པ་རེད། ཁོ་མོས་བཤད་རྒྱུར། ཐེངས་འདིར་རྒྱལ་ཡོངས་ཀྱི་གླུ་གར་སྟེགས་བུའི་སྟེང་རང་མི་རིགས་ཀྱི་གླུ་གཞས་ལེན་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ལ། རྗེས་སོར་མུ་མཐུད་དུ་ཧུར་ཐག་བྱས་ནས་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་གླུ་གཞས་དག་ཀུན་གྱི་སྙན་ལམ་དུ་ཕུལ་རྒྱུ་ཡིན་པ་དང་། གླུ་གཞས་ལ་བརྟེན་ནས་བོད་ལྗོངས་ཀྱི་གཟི་དཔལ་མངོན་མཚོན་བྱེད་ཅི་ཐུབ་བྱ་ངེས་ཞེས་བརྗོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10