《གཡང་མདའ》ཞེས་པའི་གློག་བརྙན་ཕབ་སྐྲུན་གཅན་ཚ་ནས་མཇུག་བསྒྲིལ་བ།
མཚོ་སྔོན་གསར་འགྱུར་དྲ་བ། 2013-12-18
ཉེ་ལམ།གཅན་ཚའི་མི་རིགས་སྲོལ་རྒྱུན་མདའ་རྩལ་རིག་གནས་བརྗོད་དོན་དུ་བཟུང་བའི་གློག་བརྙན《གཡང་མདའ》ཞེས་པ་དུས་ཡུན་ཟླ་གཅིག་རིང་ཕབ་སྐྲུན་བྱས་པ་བརྒྱུད།གཅན་ཚ་རྫོང་ནས་བདེ་བླག་ངང་ཕབ་སྐྲུན་མཇུག་བསྒྲིལ་བ་རེད།གློག་བརྙན་དེ2011ལོར་འཁྲབ་གཞུང་གསར་རྩོམ་བྱས་པ་དང་།2013ལོའི་སྤྱི་ཟླ9བར་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ནས་དངོས་སུ་ལས་གཞི་བཙུགས་ཏེ་སྤྱི་ཟླ10བར་གཅན་ཚ་རྫོང་ནས་ཕབ་སྐྲུན་བྱེད་མགོ་བརྩམས།གློག་བརྙན་འདི་ནི་པེ་ཅིན་ཧི་མ་ལ་ཡ་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་ཕབ་སྐྲུན་བྱས་པ་དང་།མིང་གྲགས་ཆེ་བའི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་འཁྲབ་གཞུང་བརྩམས་པ་དང་འཁྲབ་ཁྲིད་བྱས་ཤིང་།ཅིན་མ་གློག་བརྙན་བྱ་དགའ་ཐོབ་པའི་བློ་བཟང་ཆོས་འཕེལ་གྱིས་གཙོ་འཁྲབ་བྱས་ཡོད།
གློག་བརྙན《གཡང་མདའ》ཡིས་གཅན་ཚའི་མི་རིགས་ཡུལ་སྲོལ་དང་མི་རིགས་སྲོལ་རྒྱུན་རིག་གནས་དེ་སྒྱུ་རྩལ་གྱི་ལམ་ནས་བརྙན་རིས་སུ་ཕབ་ཡོད་པ་དང་།གཅན་ཚ་རྫོང་གིས་རིག་གནས་གསར་སྐྲུན་ཐོན་ལས་དར་རྒྱས་སུ་གཏོང་བའི་ཐབས་ལམ་ཤིག་ཡིན་ལ།གཅན་ཚ་རྫོང་གིས་མི་རིགས་རིག་གནས་རྒྱུད་འཛིན་དང་ཁྱབ་སྤེལ་དུ་བཏང་སྟེ།གཅན་ཚའི་རིག་གནས་ཀྱི་མིང་བྱང་གསར་སྐྲུན་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན།