《བོད་ལྗོངས་ཀྱི་ཞབས་བྲོའི་དཔྱད་རྩོམ་གཅེས་བསྡུས》ཐོག་མར་པར་བསྐྲུན་འགྲེམ་སྤེལ་བྱས།
མཚོ་སྔོན་པོ་དྲ་བ། 2013-12-17
ཉེ་ཆར། བོད་ལྗོངས་གླུ་གར་ཚོགས་པས《བོད་ལྗོངས་ཀྱི་ཞབས་བྲོའི་དཔྱད་རྩོམ་གཅེས་བསྡུས》ཀྱི་ཐོག་མའི་པར་བསྐྲུན་འགྲེམ་སྤེལ་གྱི་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཤིང་། དཔྱད་རྩོམ་གཅེས་བསྡུས་དེ་ནི་བོད་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་དང་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མ་དངུལ་བཏང་སྟེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དུ་པར་བསྐྲུན་འགྲེམ་སྤེལ་བྱས།
《བོད་ལྗོངས་ཀྱི་ཞབས་བྲོའི་དཔྱད་རྩོམ་གཅེས་བསྡུས》ནང་དུ་བོད་ལྗོངས་ཀྱི་ཞབས་བྲོ་དང་འབྲེལ་བའི་དཔྱད་རྩོམ་བསྡུ་སྒྲིག་བྱས་ཡོད་ལ། གཙོ་བོ་ཞབས་བྲོའི་གཞུང་ལུགས་དང་། དཔྱད་བརྗོད། གསར་རྩོམ་གྱི་དཔྱད་བརྗོད། མཚམས་སྦྱོར་བཅས་ཁག་བཞི་འདུས། དཔྱད་རྩོམ་གཅེས་བསྡུས་དེ་པར་བསྐྲུན་འགྲེམ་སྤེལ་བྱས་པར་བརྒྱུད་ནས་བོད་ལྗོངས་ཀྱི་རིག་གནས་དར་སྤེལ་དུ་གཏོང་བར་དགེ་མཚན་ཆེན་པོ་ལྡན་པའི་ཁར། ཞབས་བྲོ་གསར་རྩོམ་པ་སྐྱེད་སྲིང་དང་དེར་རྒྱབ་སྐྱོར་བྱེད་པའི་གཞེན་སྐུལ་ཞིག་ཀྱང་ཡིན་ནོ།།