བདེ་ཆེན་ཁུལ་ཚན་རྩལ་མཐུན་ཚོགས་ཁོངས་མིའི་ལོ་ཚོགས་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-12-18

སྤྱི་ཟླ12པའི་ཚེས13ཉིན་གྱི་ཕྱི་དྲོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་ཧྥུན་ཡན་གསོལ་ཁང་གི་གྲོས་ཚོགས་ཁང་དུ2013ལོའི་ལོ་ཚོགས་བསྡུས་ཤིང་།  བདེ་ཆེན་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་བཅས་རྫོང་གསུམ་དང་། ས་ཁུལ་གཅིག་གི་ཚན་རྩལ་མཐུན་ཚོགས་ཀྱི་ཁོངས་མི་དག་ལོ་ཚོགས་ལ་ཞུགས།
ལོ་ཚོགས་སྟེང་།  ཚན་རྩལ་མཐུན་ཚོགས་ཀྱི་འགན་ཁུར་བས་ད་ལོའི་མཐུན་ཚོགས་ནང་གསར་ཏུ་བསྡུ་ལེན་བྱས་པའི་ཁོངས་མི13དང་།  གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར།ཚན་རྩལ་མཐུན་ཚོགས་ཀྱི་དང་བླངས་བ་བཅས་ཀྱི་མིང་ཐོ།  རིག་གནས་སྒྱུ་རྩལ་ཚན་ཁག་གསར་འཛུགས་བྱེད་པ་དང་མཐུན་ཚོགས་ཀྱི་ལས་འཛིན་མི་སྣ་ཁ་སྣོན་བྱེད་པ།  2013ལོའི་ནོར་སྲིད་ཕྱོགས་ཀྱི་འགྲོ་སོང་གནས་ཚུལ་སོགས་ཁྱབ་བསྒྲགས་བྱས་པ་མ་ཟད།2014ལོའི་བྱ་བར་བཀོད་སྒྲིག་བྱས།
ཤེས་གསལ་བྱུང་བ་ལྟར་ན།  བདེ་ཆེན་ཁུལ་ཚན་རྩལ་མཐུན་ཚོགས་བཙུགས་ནས་ལོ3རིང་ལ།  ཁོངས་མིའི་གྲངས་ཀ་སྔོན་ཆད་ཀྱི་མི79ལས་ད་ལྟའི་མི་གྲངས530རུ་འཕར་ཡོད་ལ།  ཚན་རྩལ་མཐུན་ཚོགས་ཀྱིས་ད་དུང་ལོ་རེར་འབྲེལ་ཡོད་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་བདེ་ཆེན་ཁུལ་སྡོད་པའི་དམག་སྒར་དུ་མཐོ་སྒང་གི་ནད་ཡམས་སྔོན་འགོག་ཕྱོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་།རྒྱལ་ཐང་གྲོང་རྡལ་དུ་སོགས་ཤང་དང་གྲོང་རྡལ་དུ་ཚན་རིག་གི་ལམ་ནས་གསོ་སྤེལ་བྱེད་པ་དང་འདེབས་འཛུགས་བྱེད་པའི་གསོ་སྦྱོང་བྱ་འགུལ་སྤེལ། 
 
  • ལེ་ཚན་སྔོན་མ།:《གཡང་མདའ》ཞེས་པའི་གློག་བརྙན་ཕབ་སྐྲུན་གཅན་ཚ་ནས་མཇུག་བསྒྲིལ་བ།
  • ལེ་ཚན་རྗེས་མ།:ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ག
  • དོ་སྣང་ཆེ་བའི་རྩོམ།