མཁའ་མཚོ་སྐྱིད་ཀྱིས་བསྒྱུར། བོད་ལྗོངས་ཉིན་རེའི་ཚགས་པར། 2013-09-23
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མགྱོགས་མྱུར་སྒོས་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་ཆེད་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱིས་མུ་མཐུད་དུ་བྱ་བའི་འགན་ནུས་ཤུགས་ཆེ་རུ་བཏང་སྟེ། འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་ལས་གཞི་འཛུགས་སྐྲུན་གྱི་སྤུད་ཚད་དང་། བདེ་འཇགས། འཕེལ་རིམ་བཅས་ཀྱི་ལྟ་སྐུལ་དོ་དམ་ཐད་ལ་ཤུགས་སྣོན་རྒྱབ་པས་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་འཛུགས་སྐྲུན་བྱ་བ་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་།
སྤྱི་ཟླ8པའི་ཟླ་མཇུག་བར་དུ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་བསྡོམས་པས་ཁ་གསབ་མ་དངུལ་སྒོར་ཁྲི31060བཀོད་སྒྲིག་བྱས་ཤིང་། མིག་སྔར་མ་དངུལ་སྒོར་ཁྲི23320ཡུལ་དངོས་སུ་འབྱོར་ཡོད་ལ་མ་དངུལ་ལག་ཏུ་འབྱོར་ཚད75.08%ལ་སླེབས་ཡོད། ལས་གཞི་སོ་སོའི་མ་དངུལ་བདེ་བླག་ངང་འབྱོར་བའི་རྐྱེན་གྱིས་མངའ་རིས་ས་ཁུལ་གྱི་རིགས་སོ་སོའི་སྡོད་ཁང་བདེ་བླག་ངང་བསྐྲུན་འགོ་རྩོམ་པར་ཁག་ཐག་བྱས། མིག་སྔར། མངའ་རིས་ས་ཁུལ་གྱིས་བསྡོམས་པས་རིགས་ས་སོ་སོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྤྱིལ་ཁྱིམ་ཁུལ་བཅོས་བསྒྱུར་བདེ་བཀོད་སྡོད་ཁང3312བསྐྲུན་འགོ་ཚུགས། དེའི་ཁྲོད་གླ་བདེ་སྡོད་ཁང580ཡོད་པ་དང་།སྤྱི་བའི་བོགས་གཏོང་སྡོད་ཁང1452ཡོད། འཁོར་སྐྱོད་སྡོད་ཁང394ཡོད་ལ། གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཁུལ་བཅོས་བསྒྱུར་སྡོད་ཁང886ཡོད། དེ་དང་ཆབས་ཅིག་མངའ་རིས་ས་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་སྤྱི་བའི་བོགས་གཏོང་སྡོད་ཁང་དང་གླ་བདེ་སྡོད་ཁང་གི་འཛགས་སྐྲུན་སྤུས་ཚད་དང་། བདེ་འཇགས། འཕེལ་རིམ་བཅས་ཀྱི་དཔྱད་བསྡུར་བྱ་བ་སྤེལ་བར་བརྒྱུད་ནས་སྔར་ལས་ལྷག་པའི་སྒོ་ནས་སྔོན་ཐོན་ལ་གཟེངས་བསྟོད་བྱས་ཏེ་ཧུར་བརྩོན་ལྷོད་མེད་ཀྱི་བྱ་བའི་སྣང་ཚུལ་ཡག་པོ་ཞིག་བསྐྲུན་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10