བོད་ལྗོངས་སློབ་ཆེན་གྱིས2013ལོའི་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ་བ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2013-09-23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་བོད་ལྗོངས་སློབ་ཆེན་གྱིས2013ལོའི་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ། ད་ལོའི་ལོ་འཁོར་ནང་བོད་ལྗོངས་སློབ་ཆེན་གྱིས་བསྡོམས་པས་སློབ་མ་གསར་བ2701བསྡུས་ཡོད་པ་དང་དེའི་ཁྲོད་རང་སྐྱོང་ལྗོངས་ཕྱི་རོལ་ནས་ཡོང་བའི་སློབ་མ40%ལ་སླེབས།

མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་བོད་ལྗོངས་སློབ་ཆེན་གྱི་སློབ་མ་གསར་བའི་ཁྲོད་བོད་ལྗོངས་ཕྱི་རོལ་ནས་ཡོང་བའི་སློབ་མ་གསར་བ40%ལ་སླེབས་ཡོད་ཅིང་། དེ་ནི་བོད་ལྗོངས་སློབ་ཆེན་བཙུགས་པ་ནས་ད་ལྟའི་བར་གྱི་ཟིན་ཐོ་མཐོ་ཤས་ཡིན་པས། རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་འབྲེལ་ནས། ད་ལོར་བོད་ལྗོངས་སློབ་ཆེན་གྱིས་སློབ་མ་གསར་བའི་སློབ་གསོའི་གོ་རིམ་ཁྲོད་མི་རིགས་མཐུན་སྒྲིལ་སློབ་གསོ་དེ་ལས་དོན་གལ་ཆེན་དུ་བཟུང་ནས་སྤེལ་རྒྱུ་ཡིན་ཟེར།

སློབ་འགོ་ཚུགས་པའི་མཛད་སྒོ་སྟེང་བོད་ལྗོངས་སློབ་ཆེན་གྱིས་ལོ་འཁོར་སྔོན་མར་རྒྱལ་ཁབ་ཀྱི་སློབ་སྐུལ་བྱ་དགའི་རོགས་དངུལ་ཐོབ་པའི་སློབ་མར་གཟེངས་བསྟོད་བྱས་པ་རེད།  །

  • ལེ་ཚན་སྔོན་མ།:མངའ་རིས་ས་ཁུལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང3312འཛུགས་བསྐྲུན་བྱེད་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ཇེ་མང་དུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།