ཀྲུང་གོའི་བོད་རིག་པའི་ལས་རིགས་ཀྱིས་དུས་དེབ་མཐུན་འབྲེལ་ལྷན་ཚོགས་བཙུགས་ཏེ་བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

        2013-07-04

ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་ལ་སྟེགས་བུ་གསར་པ་ཞིག་ཡོད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། དེ་བཞིན་ས་གནས་ཁག་གི་བོད་རིག་པའི་དུས་དེབ་རྩོམ་སྒྲིག་པུའུ་དང་བོད་རིག་པའི་ཞིབ་འཇུག་ལས་ཁུངས་ཀྱི་འཐུས་མི78ཀྱིས་ཚེས23ཉིན་ལྷ་སར་རྒྱལ་ཡོངས་ཀྱི་བོད་རིག་པའི་དུས་དེབ་མཐུན་འབྲེལ་ལྷན་ཚོགས་བཙུགས་ཡོད།
    བོད་རིག་པའི་ལས་དོན་པའི་འཐུས་མི་དེ་དག་ནི་གཙོ་བོ་བོད་རིག་པའི་དུས་དེབ་མི་འདྲ་བ43གྱི་འགན་འཁུར་བ་དང་རྩོམ་སྒྲིག་པ་ཡིན་པ་དང་། དེའི་ནང་བོད་ཡིག་གི་དུས་དེབ20དང་རྒྱ་ཡིག་གི་དུས་དེབ23ཚུད་ཡོད།
    ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་བྱ་གཞོན་པ་དགྲ་འདུལ་གྱིས། རྒྱལ་ཡོངས་ཀྱི་བོད་རིག་པའི་དུས་དེབ་མཐུན་འབྲེལ་ལྷན་ཚོགས་བཙུགས་པ་དེ་ནི་བོད་རིག་པའི་དུས་དེབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན། དེ་མིན་ད་དུང་བོད་རིག་པའི་དུས་དེབ་དྲ་བའི་སྟེགས་བུ་འཛུགས་རྒྱུ་དང་བོད་རིག་པའི་ཞིབ་འཇུག་གི་ཐོན་ཁུངས་དང་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། བོད་རིག་པའི་དོ་ཁུར་བྱེད་གནད་དང་གཙོ་གནད་ཀྱི་དོ་ཁུར་ལ་ཤུགས་སྣོན་རྒྱག་རྒྱུ ། མར་ཁེ་སི་རིང་ལུགས་ཀྱི་བོད་རིག་པའི་ཞིབ་འཇུག་དཔུང་ཁག་སྔར་བས་སྐྱེད་བསྲིང་བྱ་རྒྱུ་སོགས་ཚུད་ཡོད་པས་མཐུན་འབྲེལ་ལྷན་ཚོགས་ཀྱིས་བོད་རིག་པའི་དུས་དེབ་གཉེར་བའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་ཡུན་རིང་འཕེལ་རྒྱས་ཆེད་སྒྲིག་གཞིའི་འགན་སྲུང་མཁོ་འདོན་བྱ་རྒྱུ་རེད་ཅེས་གསུངས།
  • ལེ་ཚན་སྔོན་མ།:ཉི་མའི་རོལ་ཚོགས་ཀྱིས་ནང་སོག“འཛམ་གླིང་གླུ་ཚོགས”སུ་འཁྲབ་སྟོན་བྱས་པ།
  • ལེ་ཚན་རྗེས་མ།: རང་རྒྱལ་གྱིས་ས་ཞིང་ལམ་ལུགས་བཅོས་བསྒྱུར་ལ་སྲུང་བ་གསུམ་ཞེས་པའི་རྩ་དོན་རྒྱུན་འཁྱོངས་བྱས།
  • དོ་སྣང་ཆེ་བའི་རྩོམ།