རང་རྒྱལ་གྱིས་ས་ཞིང་ལམ་ལུགས་བཅོས་བསྒྱུར་ལ་སྲུང་བ་གསུམ་ཞེས་པའི་རྩ་དོན་རྒྱུན་འཁྱོངས་བྱས།

མིག་དམར་གྱིས་བསྒྱུར།        2013-07-04

  ཞིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་བ6པའི་ཚེས24ཉིན་འབྱོར་བའི་གཏམ་གསར། སྐྲ་རྐང་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་བ་བཞིན་གལ་ཆེ་བའི་བཅོས་བསྒྱུར་ཞིག་ཡིན་པའི་རང་རྒྱལ་གྱི་ས་ཞིང་དོ་དམ་ལམ་ལུགས་བཅོས་བསྒྱུར་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་དང་། རྨོ་ཞིང་ཐོན་ཁུངས་ལ་སྲུང་སྐྱོང་། ས་ཞིང་ཁེ་དབང་ལ་འགན་ལེན་བཅས་བྱེད་པའི་སྲུང་བ་གསུམ་ཞེས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་བཟོ་ལས་ཅན་དང་བརྡ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་རྒྱུ་རེད།
    རྒྱལ་ས་ཐོན་ཁུངས་པུའུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ས་ཐོན་ཁུངས་པུའུའི་ས་ཞིང་དོ་དམ་ལམ་ལུགས་བཅོས་བསྒྱུར་དང་ཞིབ་འཇུག་ཚོ་ཆུང་གི་འགོ་ཁྲིད་ཝང་ཧྲི་ཡོན་གྱིས་གནས་ཚུལ་ངོ་སྤྲོད་བྱེད་དུས་བཤད་རྒྱུར། མིག་སྔར་ས་ཞིང་ལམ་ལུགས་བཅོས་བསྒྱུར་དང་ཞིབ་འཇུག་ཚོ་ཆུང་གིས་ས་ཞིང་དོ་དམ་ལམ་ལུགས་བཅོས་བསྒྱུར་དང་དེ་འཐུས་ཚང་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་བདེ་ཐང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཕྱོགས7གྱི་བཅོས་བསྒྱུར་སྲིད་ཇུས་ཀྱི་གྲོས་གཞི་དོན་ཚན27བཏོན་ཡོད། སྲིད་ཇུས་དེའི་ནང་དོན་དུ་ས་ཞིང་སྤྱོད་ཡུལ་དོ་དམ་ལམ་ལུགས་དང་ས་ཞིང་བཅོས་སྐྱོང་། ས་ཞིང་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་ལམ་ལུགས། ས་ཞིང་ཐོན་དབང་ལམ་ལུགས་སོགས་གལ་ཆེ་བའི་མངའ་ཁོངས་དང་འབྲེལ་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་རིག་པའི་ལས་རིགས་ཀྱིས་དུས་དེབ་མཐུན་འབྲེལ་ལྷན་ཚོགས་བཙུགས་ཏེ་བོད་རིག་པའི་ཞིབ་འཇུག་འཕེལ་རྒ
  • ལེ་ཚན་རྗེས་མ།: རྒྱལ་ཡོངས་ཀྱི་བརྒྱ་ཆ99.05ཡི་ཐུན་མོང་ནགས་སའི་དབང་ཆ་གཏན་འཁེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།