མཚོ་སྔོན་པོ་དྲ་བ། 2013-07-03
ཟླ6པའི་ཚེས28ཉིན་ནས་ཚེས30བར། ་གྲོང་ཁྱེར་ཨུ་ཡོན་དང་གྲོང་ཁྱེར་སྲིད་གཞུང་། ནང་སོག་རྩྭ་ཐང་རིག་གནས་སྲུང་སྐྱོང་འཕེལ་རྒྱས་ཐེབས་རྩ་ཚོགས་པ་བཅས་མཉམ་འབྲེལ་སྒོས་སྒྲུབ་པའི“འཛམ་གླིང་གླུ་ཚོགས”ཁག་གཉིས་པ་ཧུའུ་ཧི་ཧོ་ཐུའུ་ཧྲིའི་ཅེ་རྩྭ་ཐང་རིག་གནས་གླིང་དུ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། བོད་ཀྱི་གླུ་བ་པདྨ་ལྷུན་གྲུབ་དང་། རྔ་རྡུང་མཁན་མགོན་པོ་དབང་རྒྱལ། སྒྲ་བརྙན་པ་སྟག་ལྷ་ཚེ་རིང་བཅས་ཀྱིས་གྲུབ་པའི་ཉི་མའི་རོལ་ཚོགས་ཀྱང་ནང་སོག་འཛམ་གླིང་གླུ་ཚོགས་སུ་ཞུགས་ཏེ་འཁྲབ་སྟོན་ལེགས་པོ་བྱས་ལ། ཨེར་ལན་དང་། ཁ་ན་ཏ། ཐུའུ་ཝ། ཡ་མེ་ཉི་ཡ་སོགས་རྒྱལ་ཁབ་ཀྱི་ཐུན་མིན་མི་རིགས་རོལ་མོ་དང་རང་རྒྱལ་གྲངས་ཉུང་མི་རིགས་ས་ཁུལ་གྱི་རོལ་མོ་པ་མང་པོ་སྤྲོ་ཚོགས་སྟེང་ཞུགས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10