2012ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་ལས་ཞུགས་མི་སྣ་ཁྲི76704ཡོད།
མིག་དམར་གྱིས་བསྒྱུར། 2013-06-06
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ་བ5པའི་ཚེས27ཉིན་ཁྱབ་བསྒྲགས་བྱས་རྒྱུར། 2012ལོའི་ལོ་འཁོར་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་བྱུང་བར་བསྡོམས་རྩིས་སྤྱི་བསྒྲགས་ཞེས་པ་ནས་མངོན་པར་ལྟར་ན། 2012ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་ལས་ཞུགས་མི་སྣ་ཁྲི76704ཡོད་པས་ལོ་སྔོན་མ་དང་བསྡུར་ན་མི་ཁྲི284འཕར་སྣོན་བྱུང་བ་རེད།
དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་ལས་ཞུགས་མི་སྣ་ཁྲི37102ཡོད་པས་ལོ་སྔོན་མའི་ལོ་མཇུག་དང་བསྡུར་ན་མི་ཁྲི1188འཕར་སྣོན་བྱུང་། རྒྱལ་ཡོངས་ཀྱི་ལས་ཞུགས་མི་སྣའི་ཁྲོད་ཐོན་ལས་དང་པོའི་ལས་ཞུགས་མི་སྣ་བརྒྱ་ཆ33.6ལ་ཟིན། ཐོན་ལས་གཉིས་པའི་ལས་ཞུགས་མི་སྣ་བརྒྱ་ཆ30.3ལ་ཟིན། ཐོན་ལས་གསུམ་པའི་ལས་ཞུགས་མི་སྣ་བརྒྱ་ཆ36.1ལ་ཟིན་པ་རེད།
2012ལོར་རྒྱལ་ཡོངས་སུ་ཞིང་པའི་གླ་པ་ཁྱོན་བསྡོམས་མི་ཁྲི26261ལ་ཟིན་པས་ལོ་སྔོན་མ་དང་བསྡུར་ན་མི་ཁྲི983འཕར་སྣོན་བྱུང་། དེའི་ནང་ཕྱིར་སོང་བའི་ཞིང་པའི་གླ་པ་མི་ཁྲི16336ཡོད་པ་རེད།
2012ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་བསྣན་པའི་ལས་ཞུགས་མི་སྣ་ཁྲི1266འཕར་ཞིང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་བྱེད་པའི་མི་གྲངས་ཁྲི552ཡོད། ལས་ཞུགས་བྱེད་རྒྱུར་དཀའ་ངལ་ཡོད་པའི་མི་སྣ་ལས་ཞུགས་བྱེད་མཁན་མི་ཁྲི182ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་དུ་ཐོ་འགོད་བྱས་པའི་ལས་ཤོར་མི་གྲངས་ཁྲི917ཡོད་ཅིང་། གྲོང་ཁྱེར་དང་གྲོང་རྡལ་དུ་ཐོ་འགོད་བྱས་པའི་ལས་ཤོར་བྱུང་ཚད་བརྒྱ་ཆ4.1ཡོད་པ་རེད།
ལོ་ཧྲིལ་པོར་རྒྱལ་ཡོངས་སུ་ཁྱོན་བསྡོམས་དུད་ཚང་ཁྲི5.86ལ་ལས་ཞུགས་བྱེད་མཁན་གཅིག་རྐྱང་མེད་པའི་དུད་ཚང་ལ་མ་མཐའ་ཡང་ལས་ཞུགས་པ་གཅིག་ཡོད་པར་རོགས་རམ་བྱས། མཐོ་སློབ་ནས་མཐར་ཕྱིན་སློབ་མ་ཁྲི2.84སྒྲིག་འཛུགས་བྱས་ཏེ་ཞིང་སྡེའི་གཞི་རིམ་དུ་རྒྱབ་སྐྱོར་གསུམ་དང་དབུལ་སྐྱོར་གཅིག་ཅེས་པའི་ལས་ཀ་བསྒྲུབས་བཅུག་པ་རེད།