དཔལ་ཡུལ་རྫོང་གིས་གླུ་བའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

བདེ་ཆེན་གྱིས་བསྒྱུར།        2013-06-04

ཉེ་ཆར།དཔལ་ཡུལ་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་གཙོ་འགན་བྱས་ནས་རྫོང་དཔལ་ཡོན་གཞུང་ལས་ཁང་དང་རྫོང་རིག་གནས་ཡུལ་སྐོར་ཅུས།རྒྱང་སྒྲོག་བརྙན་འཕྲིན་ལུས་རྩལ་ཅུས།རྫོང་སྤྱི་ཁྱབ་བཟོ་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་དུ་མས་མཉམ་སྒྲུབ་ཀྱིས་གླུ་བའི་འགྲན་བསྡུར་དེས་དཔལ་ཡུལ་རྫོང་མཁར་དུ་གཟབ་རྒྱས་ངང་སྤེལ་བ་རེད།
ཐེངས་འདིའི་འགྲན་བསྡུར་དེས་༼རླབས་ཆེན་བའི་ཀྲུང་གོའི་རྨི་ལམ་མངོན་འགྱུར་བྱུང་བ་དང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་མཐུན་སྦྱོར་འཛུན་སྐྲུན་བྱེད་པའི་དཔལ་ཡུལ་གསར་པའི་དབྱངས་རྟ་༽བརྗོད་བྱ་གཙོ་བོ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་གུང་གཞོན་ཚོགས་མི་དང་།ཁེ་ལས་དང་དོན་ལས་ལས་ཁུངས།རིག་རྩལ་གླུ་གར་ཁང་སོགས་ཀྱི་གླུ་བ30ལྷག་གིས་བརྩེ་སེམས་ཀྱིས་ཁེངས་པའི་གླུ་དབྱངས་རེ་རེས་མང་ཚོགས་རྣམས་ལ་རིག་གནས་གསོལ་སྟོན་གཟབ་རྒྱས་ཞིག་ཕུལ་བ་རེད།དུས་ཚོད་གཉིས་ཙམ་གྱི་འགྲན་རྩོད་དྲག་པོ་བརྒྱུད་པ་དང་། མཐར་འགྲན་ཞུགས་མི་སྣ་དེ་དག་ལས་བྱ་དགའ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་ཀྱིས་ཐེངས་འདིའི་འགྲན་བསྡུར་རྒྱལ་ཁའི་ངང་ནས་མཇུག་རྫོགས་པ་རེད། 
  • ལེ་ཚན་སྔོན་མ།:ཡོངས་བསྒྲགས་སྒོ་ནས་གཞུང་ཞབས་པ་འདེམས་པའི་ལས་དོན་ཁྱོན་ཡོངས་ནས་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཀྲང་ཏི་ཅང་གིས་ཀོང་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།