ཀྲང་ཏི་ཅང་གིས་ཀོང་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-06-05

ཀྲང་ཏི་ཅང་གིས་ཀོང་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་སྤྱི་ཟླ༥བའི་ཚེས༣༠ཉིན་ནས་སྤྱི་ཟླ༦པའི་ཚེས༡ཉིན་བར་སྔ་གཞུག་ཏུ་ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཧེ་དང་ཀོང་ཀྲིག ཧྲིན་ཀྲིན་གྲོང་ཁྱེར་སོགས་ལ་ཕེབས་ཏེ། ཁྲིམས་འཛུགས་བྱ་བར་ཤུགས་སྣོན་པའི་ཐད་རྟོག་ཞིབ་མཛད། འདི་ནི་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། ཀྲང་ཏི་ཅང་གིས་ཀོང་ཀྲིག་ཀོང་རི་སྡེ་ཚོགས་གློག་སྐས་ཐོན་སྐྱེད་འཁོར་ཁང་ནས་བཟོ་བ་དང་བྱམས་བརྩེ་ངང་བརྗེ་རེས་མཛད་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་སྤྱི་ཟླ5བའི་ཚེས30ཉིན་ནས་སྤྱི་ཟླ6པའི་ཚེས1ཉིན་བར་སྔ་གཞུག་ཏུ་ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཧེ་དང་ཀོང་ཀྲིག ཧྲིན་ཀྲིན་གྲོང་ཁྱེར་སོགས་ལ་ཕེབས་ཏེ། ཁྲིམས་འཛུགས་བྱ་བར་ཤུགས་སྣོན་པའི་ཐད་རྟོག་ཞིབ་མཛད། ཁོང་གིས་ཚན་རིག་ལྟར་ཁྲིམས་འཛུགས་པ་དང་། དམངས་གཙོ་ཁྲིམས་འཛུགས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འཛུགས་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དེ་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དང་དེ་ལེགས་བཅོས་བྱེད་པའི་ལས་འགན་གཙོ་བོར་རྩིས་བ་དང་། ཁྲིམས་འཛུགས་བྱ་བ་དེ་གནས་བབ་གསར་བ་དང་མཐུན་ཐབས་བྱེད་པ་དང་། གནད་དོན་གསར་བ་ཐག་གཅོད་པ། འཕེལ་རྒྱས་གསར་བར་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན།

  ཁོར་ཡུག་སྲུང་སྐྱོབ་ཀུང་ཟི་དང་། སྤྱི་སྤྱོད་རླངས་འཁོར་གློག་སྣོན་ས་ཚིགས་ནས་ཀྲང་ཏི་ཅང་གིས་གནས་ཚུལ་རྒྱུས་ལོན་ཞིབ་མོ་མཛད་རྗེས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལས་འགན་ཧ་ཅང་ལྗིད་བས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་ངེས་པར་དུ་དངོས་འབེབས་ལེགས་པོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་བློ་གཏད་ཆོག་པའི་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན།
འཕྲིན་གཏོང་དང་འོད་ནུས་གློག་འདོན་སོགས་ཚན་རྩལ་ཀུང་ཟི་རུ། ཀྲང་ཏི་ཅང་གིས་ཁེ་ལས་ཀྱིས་གསར་བསྐྲུན་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བའི་ཐབས་ཇུས་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་མཛད།

  རྟོག་ཞིབ་མཛད་པའི་སྐབས་སུ། ཀྲང་ཏི་ཅང་གིས་མགོ་འཛིན་མཛད་དེ་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་གནས་བབ་གསར་བའི་འོག་གི་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དང་དེ་ལེགས་བཅོས་བྱེད་ན། ཁྲིམས་འཛུགས་སྤུས་ཚད་ཇེ་མཐོར་གཏོང་བ་དེ་གོ་གནས་གཙོ་བོར་བཞག་སྟེ། ཁྲིམས་འཛུགས་ཀྱི་ཁྲིད་སྟོན་དང་ཡར་སྐུལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན།   །
 

ཀྲང་ཏི་ཅང་གིས་ཀོང་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

འདི་ནི་སྤྱི་ཟླ༥བའི་ཚེས༣༡ཉིན། ཀྲང་ཏི་ཅང་གིས་ཀོང་ཀྲིག་ཧི་ཞིན་དབྱེ་ཞིབ་བྱད་ཆས་ཚད་ཡོད་ཀུང་ཟིའི་བྱ་བར་རྟོག་ཞིབ་མཛད་པའི་ཚུལ་རེད།

 ཀྲང་ཏི་ཅང་གིས་ཀོང་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

          འདི་ནི་སྤྱི་ཟླ༥བའི་ཚེས༣༡ཉིན། ཀྲང་ཏི་ཅང་གིས་ཀོང་ཀྲིག་ནས་མགོ་ཁྲིད་མཛད་དེ་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པའི་ཚུལ་རེད།

 ཀྲང་ཏི་ཅང་གིས་ཀོང་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

           འདི་ནི་སྤྱི་ཟླ༦པའི་ཚེས༡ཉིན། ཀྲང་ཏི་ཅང་གིས་ཧྲིན་ཀྲིན་ནས་ཆན་ཧེ་མཉམ་ལས་ས་ཁུལ་ནས་འཆར་འགོད་དང་འཛུགས་སྐྲུན་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།  །


 

  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་གླུ་བའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཐི་ལིས་ཉིས་ཏ་དང་ཏོ་པ་ཀི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་ཚར་བ།
  • དོ་སྣང་ཆེ་བའི་རྩོམ།