ཡོངས་བསྒྲགས་སྒོ་ནས་གཞུང་ཞབས་པ་འདེམས་པའི་ལས་དོན་ཁྱོན་ཡོངས་ནས་འགོ་ཚུགས།
ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-06-04
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།རྒྱལ་ཁབ་གཞུང་ཞབས་པ་ཅུད་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་སྤྱི་ལོ2013ལོའི་ཀྲུང་དབྱང་ལས་ཁུངས་ཀྱིས་ཡོངས་བསྒྲགས་སྒོ་ནས་གཞུང་ཞབས་པ་འདེམས་པའི་ལས་དོན་ཁྱོན་ཡོངས་ནས་འགོ་ཚུགས་ཟིན་ཡོད་པ་རེད།ད་ཐེངས་ཡོངས་བསྒྲགས་སྒོ་ནས་འདེམས་པའི་མིང་ཐོ་འགོད་པའི་དུས་ཚོད་ནི་སྤྱི་ལོ2013ལོའི་སྤྱི་ཟླ5པའི་ཚེས་31ཉིན་ནསསྤྱི་ཟླ6པའི་པའི་ཚེས13ཉིན་བར་ཡིན་པ་དང་།ཡིག་རྒྱུག་དུས་ཚོད2013ལོའི་སྤྱི་ཟླ6པའི་ཚེས30ཉིན་ཡིན་པ་རེད།ད་ལོ་ཁྱོན་ཀྲུང་དབྱང་ལས་ཁུངས48ཀྱིས་འཆར་གཞི་བྱས་ན་ལས་གནས162ལ་ལས་མི་བསྡུ་རྒྱུ་ཡིན་པ་དང་། ལས་གནས་དེ་ཚོའི་ནང་ཁྲུའུ་རྒན་པ་རིམ་པའི་ལས་གནས་དང་། ཁྲུའུ་གཞོན་པ་རིམ་པའི་ལས་གནས། ཀྲུའུ་རེན་ཁོ་ཡོན་བཅས་ཀྱི་ལས་གནས་ཡིན་པ་རེད། མིང་ཐོ་འགོད་ཐབས་ཐད་མི་སྒེར་གྱི་བློ་འདོད་དང་སྒྲིག་འཛུགས་ཀྱི་འོས་སྦྱོར་ཟུང་འབྲེལ་བྱེད་པའི་བྱ་ཐབས་བཟུང་ཡོད་པ་རེད། །