མགོ་ལོག་ཁུལ་དུ་རྨ་ཡུལ་མགོ་ལོག་གི་བརྙན་རིས་འགྲེམ་སྟོན་བསྡུས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-05-30


མགོ་ལོག་ཁུལ་དུ་རྨ་ཡུལ་མགོ་ལོག་གི་བརྙན་རིས་འགྲེམ་སྟོན་བསྡུས་པ།
པར་ལེན་པར་དགའ་བའི་ཨ་ཅེ་འབྲོག་མོ།

  ཟླ5པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དུ་མཛེས་པའི་མཚོ་སྔོན་ཞེས་པའི་བརྙན་རིས་འགྲེམ་སྟོན་བསྡུས་པ་རེད། མགོ་ལོག་ཁུལ་གྱི་བརྙན་རིས་མཐུན་ཚོགས་ཀྱིས་ལོ་མགོར་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར་བཏང་བ་ནས་བཟུང་ད་ལྟའི་བར་དུ་ཁྱོན་བསྡོམས་བརྩམས་ཆོས1000ལྷག་འབྱོར་བ་དང་། བརྙན་རིས་འགྲེམ་སྟོན་གྱི་གཙོ་སྒྲུབ་ལས་ཁུངས་ཀྱིས་ཞིང་ཆེན་ཕྱི་ནང་གི་བརྙན་ལེན་མཁན་གྲགས་ཅན་དག་གདན་འདྲེན་ཞུས་ནས་ལག་སོན་བྱུང་བའི་བརྩམས་ཆོས་དག་ལ་དཔྱད་འདེམས་བྱས་མཐར་བརྩམས་ཆོས300ལྷག་འགྲེམ་སྟོན་དུ་ཚུད་པ་རེད།
  བརྙན་རིས་འགྲེམ་སྟོན་སྟེང་རྨ་ཡུལ་མགོ་ལོག་གི་བརྙན་རིས་གཞི་རྟེན་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ཤིང་། བརྙན་རིས་འགྲེམ་སྟོན་དེ་མགོ་ལོག་ཁུལ་གྱི་གཞི་རིམ་དུ་སྐོར་བསྐྱོད་འགྲེམ་སྟོན་བྱེད་རྒྱུ་ཡིན་པར་མ་ཟད། བརྙན་རིས་དང་འབྲེལ་བའི་འཆད་ཁྲིད་ཀྱི་བྱ་འགུལ་ཡང་སྤེལ་རྒྱུ་རེད།

མགོ་ལོག་ཁུལ་དུ་རྨ་ཡུལ་མགོ་ལོག་གི་བརྙན་རིས་འགྲེམ་སྟོན་བསྡུས་པ།
གཟབ་མཆོར་གྱིས་སྤྲས་པའི་བོད་ཀྱི་བུ་མོ།
མགོ་ལོག་ཁུལ་དུ་རྨ་ཡུལ་མགོ་ལོག་གི་བརྙན་རིས་འགྲེམ་སྟོན་བསྡུས་པ།
སོ་སོའི་བརྩམས་ཆོས་ལ་གཟིགས་བཞིན་པ།

  • ལེ་ཚན་སྔོན་མ།:མཚོ་ལྷོ་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པ4རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད།
  • ལེ་ཚན་རྗེས་མ།:མགོ་ལོག་ཁུལ་གྱི་གནའ་ཤུལ་ཞིག་སྐོར་དགུ་བའི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་གི་གྲས་སུ་ཚུད།
  • དོ་སྣང་ཆེ་བའི་རྩོམ།