མཚོ་ལྷོ་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པ4རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-05-30

མཚོ་ལྷོ་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པ4རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད།
མཚོ་ལྷོ་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པ4རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད།

        ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《འབྲེལ་ཡོད་སྐབས་བདུན་པའི་རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོང་སྡེ་ཁག་བཤེར་འབེབས་དང་ཁྱབ་བསྒྲགས་གནང་བའི་བརྡ་སྦྱོར》བཀྲམ་ཏེ་སྐབས་བདུན་པའི་རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོང་སྡེ་ཁག(བསྡོམས་རྩིས་ལྟར་ན་རིག་དངོས་སྲུང་སྐྱོབ་སྡེ་ཁག1943ཡོད)དང་ད་ཡོད་རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་མཉམ་སྦྱར་གྱི་རྣམ་གྲངས(བསྡོམས་པས47)བཅས་བཤེར་འབེབས་དང་ཁྱབ་བསྒྲགས་གནང་བ་རེད།
        རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གི་བྲག་དཀར་སྤྲེལ་རྫོང་དང་། ཁྲི་ཀ་རྫོང་གི་ཡུལ་ལྷའི་ལྷ་ཁང་དང་ཇོ་ཇོ་ལྷ་ཁང་། འབའ་རྫོང་གི་གཙང་དགོན་པ་བཅས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་བཞི་ནི་རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད་ཅིང་། འདིས་མཚོ་ལྷོ་ཁུལ་གྱི་ཁྱད་དུ་འཕགས་པའི་མི་རིགས་རིག་གནས་ཀྱི་ཉིང་བཅུད་དང་ལོ་རྒྱུས་ཤུལ་བཞག་ལ་ད་ཐེངས་ཡང་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་པ་མཚོན་ལ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པར་དགེ་མཚན་ཆེན་པོ་ལྡན།

  • ལེ་ཚན་སྔོན་མ།:གླུ་མ་དབང་མོའི་གླུ་གཞས་གསར་པ《སྐལ་བཟང་མེ་ཏོག་གི་རེ་སྨོན》ཞེས་པ་གཏོང་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:མགོ་ལོག་ཁུལ་དུ་རྨ་ཡུལ་མགོ་ལོག་གི་བརྙན་རིས་འགྲེམ་སྟོན་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།