མགོ་ལོག་ཁུལ་གྱི་གནའ་ཤུལ་ཞིག་སྐོར་དགུ་བའི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་གི་གྲས་སུ་ཚུད།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-05-31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད།  མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྫི་མདའི་རི་གྲོང་ལ་མཚོ་སྔོན་ཞིང་ཆེན་གྱི་སྐོར་དགུ་བའི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས་གྲས་སུ་བཀོད།  འདི་ནི་རྨ་ཆེན་རྫོང་དུ1988ལོ་ནས་བཟུང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས་ཀྱི་གྲས་སུ་ཚུད་པའི་གནའ་ཤུལ་ཨང་གཉིས་པ་རེད།  ཤེས་གསལ་བྱུང་བ་ལྟར་ན།  རྫི་མདའི་རི་གྲོང་གནའ་ཤུལ་ནི་ཆིན་རྒྱལ་རབས་ཀྱི་དུས་རབས་ལ་བྱུང་བའི་གནའ་ཤུལ་ཞིག་ཡིན་ལ།  རྨ་ཆེན་རྫོང་གི་ར་རྒྱ་གྲོང་རྡལ་དུ་ཡོད།  སྐབས་དེའི་མིའི་རིགས་འཚོ་སྡོད་དང་ཐོན་སྐྱེད་འཚོ་བའི་གནས་ཚུལ་ཞིབ་དཔྱོད་དང་ཞིབ་འཇུག་བྱེད་པར་ལོ་རྒྱུས་ཀྱི་རིན་ཐང་གལ་ཆེན་ལྡན།  ། 
  • ལེ་ཚན་སྔོན་མ།:མགོ་ལོག་ཁུལ་དུ་རྨ་ཡུལ་མགོ་ལོག་གི་བརྙན་རིས་འགྲེམ་སྟོན་བསྡུས་པ།
  • ལེ་ཚན་རྗེས་མ།:པེ་ཅིན་དུH7N9བྱ་རིགས་ཆམ་རིམས་འགོས་པའི་ནད་པ་གཉིས་བ་ཐོན།
  • དོ་སྣང་ཆེ་བའི་རྩོམ།