ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གཟའ་མཇུག་དཔེ་ཀློག་བྱ་འགུལ་སྤེལ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-05-29

ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གཟའ་མཇུག་དཔེ་ཀློག་བྱ་འགུལ་སྤེལ།
ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གཟའ་མཇུག་དཔེ་ཀློག་བྱ་འགུལ་སྤེལ་བ།

        ཟླ5བའི་ཚེས26ཉིན།  ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་མའི་ཚོགས་པའི་དཔེ་ཀློག་ཚན་ཁག་གིས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་དཔའ་མོའི་སྣེ་ཁྲིད་འོག་གཟའ་མཇུག་དཔེ་ཀློག་ཅེས་པའི་བྱ་འགུལ་སྤེལ།
        སློབ་རའི་ཟུར་ཞིག་ཏུ་དཔེ་ཆ་སྣ་ཚོགས་བཤམས་ཤིང་། ཡར་འགྲོ་མར་འོང་གི་སློབ་མ་རྣམས་མ་གྲོས་རང་མཐུན་གྱིས་གནས་དེར་དཔེ་ཀློག་ཏུ་ཡོང་བ་དང་། དུས་རྒྱུན་མཐོང་དཀའ་བའི་དཔེ་ཆ་སྣ་མང་མཐོང་རྗེས་རྟག་ཏུ་འདི་ལྟར་དཔེ་ཀློག་བྱེད་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་དབང་མེད་དུ་རྡོལ། ཡིན་ཡང་དུས་ཡུན་ཆུ་ཚོད5:30རིང་གི་དཔེ་ཀློག་བརྒྱུད་བྱ་འགུལ་ཡོངས་སུ་བདེ་བླག་ངང་མཇུག་སྒྲིལ་བ་རེད།
        ཐེངས་འདིའི་བྱ་འགུལ་ལ་རྒྱ་ཆེའི་དགེ་སློབ་ཀུན་གྱི་ཁས་ལེན་ཆེན་པོ་ཐོབ་པ་དང་། དཔེ་ཀློག་ཚན་ཁག་གི་མི་སྣ་ཡོངས་ལ་སྔར་ལས་ལྷག་པར་རྒྱ་ཆེ་བའི་སློབ་གྲོགས་ཀུན་ལ་ཞབས་ཞུ་སྒྲུབ་པའི་ཆོད་སེམས་བརྟན་པོ་མངའ། དེ་མིན་གཟའ་མཇུག་དཔེ་ཀློག་གི་བྱ་འགུལ་འདི་ལྟ་བུས་སློབ་མ་རྣམས་ཀྱི་དཔེ་ཀློག་བྱེད་ཤུགས་ཇེ་དྲག་དང་། སློབ་གྲོགས་ཕན་ཚུན་འབྲེལ་འདྲིས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་བ་མ་ཟད། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བྱས།

  • ལེ་ཚན་སྔོན་མ།:ཁྲི་ཀ་རྫོང་གིས་དྲུག་གཅིག་བསུ་བའི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
  • ལེ་ཚན་རྗེས་མ།:དགེ་ཆོས་ཞིབ་འཇུག་འདོན་ཐེངས་གཉིས་པ།
  • དོ་སྣང་ཆེ་བའི་རྩོམ།