དགེ་ཆོས་ཞིབ་འཇུག་འདོན་ཐེངས་གཉིས་པ།

    རིག་འབྱུང་།    2013-05-29

དགེ་ཆོས་ཞིབ་འཇུག་འདོན་ཐེངས་གཉིས་པ།

   མེ་ལྕེ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས་པའི་༼དགེ་ཆོས་ཞིབ་འཇུག༽འདོན་ཐེངས་གཉིས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་དངོས་སུ་འགྲེམས་སྤེལ་བྱས་ཡོད།      དེབ་འདིར་བོད་མདོ་དབུས་ཁམས་གསུམ་གྱི་ན་གཞོན་རྩོམ་པ་པོ་དང་དཔྱད་བརྗོད་པ་དག་གིས་ཉེ་བའི་ལོ་འདི་དག་གི་རིང་ལ་དགེ་ཆོས་སྐོར་ལ་དཔྱད་བརྗོད་སྤེལ་བའི་བརྩམས་ཆོས་གསར་བ་དག་ཉིང་བཏུས་སུ་བཀོད་ནས་ཡོད་པས།  བོད་གཞོན་རབས་པའི་སེམས་ཀྱི་དགེ་ཆོས་དེ་སྤྱི་མཚོན་ཐུབ་པའི་དེབ་ཅིག་ཡིན་ན་འཛམ་གླིང་གོ་ལའི་ཁྱོན་གྱི་དགེ་ཆོས་ཞིབ་འཇུག་པ་རྣམས་ལ་ཞིབ་འཇུག་གི་ཁ་ཕྱོགས་གསར་བ་ཞིག་བསྟན་ནསཡོད་དོ། །

  • ལེ་ཚན་སྔོན་མ།:ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གཟའ་མཇུག་དཔེ་ཀློག་བྱ་འགུལ་སྤེལ།
  • ལེ་ཚན་རྗེས་མ།:སྐབས་དང་པོའི་ལྷ་སའི་ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་ཆེ་མོ་མཇུག་སྒྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།