ཁྲི་ཀ་རྫོང་གིས་དྲུག་གཅིག་བསུ་བའི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

སྟག་རིག་འབྲུག་ཐར།    མཚོ་སྔོན་པོ་དྲ་བ།    2013-05-29

ཁྲི་ཀ་རྫོང་གིས་དྲུག་གཅིག་བསུ་བའི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
བཅའ་སྡོད་སློབ་གྲྭས《རྡོག་བྲོ》ཞེས་པའི་བོད་རིགས་ཞབས་བྲོ་འཁྲབ་བཞིན་པ།

        ཟླ5བའི་ཚེས24ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་སློབ་གསོ་ཅུའུ་ཡིས་གཙོ་སྒྲུབ་གནང་ཞིང་རྫོང་རིག་གནས་ཁང་གིས་རོགས་འདེགས་འོག་སྒྲུབ་པའི་བྱིས་བློའི་འཛུམ་བརྒྱ་གྲོལ།། དྲུག་གཅིག་སྤྲོ་བས་བསུ་ཞེས་པ་བརྗོད་གཞིར་བཟུང་བའི་དྲུག་གཅིག་བསུ་བའི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་དེ་ཁྲི་ཀ་རྫོང་རིག་གནས་ཁང་གི་འཁྲབ་སྟོན་གར་སྟེགས་ནས་སྤེལ་བ་དང་། ཚོགས་འདུའི་སྟེང་དུ་སློབ་གསོ་ཅུའུ་ཡི་གཙོ་འགན་པ་ཁྲིན་ཧྲི་ཅོན་གྱིས་གཏམ་བཤད་གནང་ཞིང་དྲུག་གཅིག་དུས་ཆེན་བསུ་བའི་རྟེན་འབྲེལ་ཤིས་ཚིག་ཕུལ།  ཐེངས་འདིའི་འགྲན་བསྡུར་ལ་རྫོང་གི་སློབ་ཆུང་དྲུག་གི་ཞབས་བྲོ་གསུམ་རེ་སྟེ་ཁྱོན་སྡོམ་ཞབས་བྲོ18ཞུགས་ཡོད་ཅིང་། ནང་དོན་ལ་ཡང་རྒྱ་རིགས་ཞབས་བྲོ།  བོད་རིགས་ཞབས་བྲོ།  དེང་རབས་ཁྲོམ་བྲོ་སོགས་ནང་དོན་རིགས་འགའ་འདུས་ཡོད།

ཁྲི་ཀ་རྫོང་གིས་དྲུག་གཅིག་བསུ་བའི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
རྫོང་མཁར་གྲོང་སློབ་ཆུང་གིས《ཀྲུང་གོའི་དམར་མདངས》ཞེས་པའི་རྒྱ་རིགས་ཞབས་བྲོ་འཁྲབ་བཞིན་པ།

        དཔྱད་འདེམ་པ་བརྒྱད་ཀྱི་དྲང་བདེན་འདྲ་མཉམ་གྱི་དཔྱད་འཇོག་བྱས་པ་བརྒྱུད། མཇུག་མཐར་ཁྲི་ཀ་རྫོང་མཁར་གྲོང་སློབ་ཆུང་གི་བྲོ་གར《ཀྲུང་གོའི་དམར་མདངས》ཞེས་པས་ཨང་དང་བོའི་བྱ་དགའ་བླངས་པ་དང་།  ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བྲོ་གར《ཁམས་པའི་གཞས》དང《རྡོག་བྲོ》ཞེས་པའི་བྲོ་གར་གཉིས་ཀྱིས་ཨང་གཉིས་པའི་བྱ་དགའ་བླངས་པ་རེད།

ཁྲི་ཀ་རྫོང་གིས་དྲུག་གཅིག་བསུ་བའི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
ཐེངས་འདིར་གཡུར་ཟའི་གྲུབ་འབྲས་བླངས་པའི་བཅའ་སྡོད་སློབ་གྲྭའི་སྣེ་ཁྲིད་དགེ་རྒན་དང་འཁྲབ་སྟོན་པ་ཡོངས།


 

  • ལེ་ཚན་སྔོན་མ།:རིན་ཆེན་ལྷ་མོས་གླིང་ཆེན་ཨེ་ཤ་ཡའི་བྲག་འཛེག་གཟེངས་ཐོན་འགྲན་སྡུར་གཉིས་ཀྱི་བྱ་དགའ་ཨང་དང་པོ་བླངས་པ།
  • ལེ་ཚན་རྗེས་མ།:ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གཟའ་མཇུག་དཔེ་ཀློག་བྱ་འགུལ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།