རིན་ཆེན་ལྷ་མོས་གླིང་ཆེན་ཨེ་ཤ་ཡའི་བྲག་འཛེག་གཟེངས་ཐོན་འགྲན་སྡུར་གཉིས་ཀྱི་བྱ་དགའ་ཨང་དང་པོ་བླངས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-05-29

རིན་ཆེན་ལྷ་མོས་གླིང་ཆེན་ཨེ་ཤ་ཡའི་བྲག་འཛེག་གཟེངས་ཐོན་འགྲན་སྡུར་གཉིས་ཀྱི་བྱ་དགའ་ཨང་དང་པོ་བླངས་པ།
རིན་ཆེན་ལྷ་མོས(དཀྱིལ)གླིང་ཆེན་ཨེ་ཤ་ཡའི་བྲག་འཛེག་གཟེངས་ཐོན་འགྲན་སྡུར་གཉིས་ཀྱི་བྱ་དགའ་ཨང་དང་པོ་བླངས་པ།

  ཟླ5པའི་ཚེས24ཉིན། དབྱི་ལང་ཐེ་ཧེ་རན་ནས་བསྡུས་པའི་སྐབས21པའི་གླིང་ཆེན་ཨེ་ཤ་ཡའི་བྲག་འཛེག་གཟེངས་ཐོན་འགྲན་སྡུར་སྟེང་། བོད་ལྗོངས་ཀྱི་ལུས་རྩལ་པ་རིན་ཆེན་ལྷ་མོས་སྐྱེས་མའི་དཀའ་ཚད་འགྲན་སྡུར་དང་བྲག་འཛེག་འགྲན་སྡུར་གཉིས་ཀའི་བྱ་དགའ་ཨང་དང་པོ་བླངས་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་གླིང་ཆེན་ཨེ་ཤ་ཡའི་གཟེངས་ཐོན་འགྲན་སྡུར་ལ་ཁྱོན་བསྡོམས་མི9ཞུགས་ཡོད་ཅིང་། ཀྲུང་གོའི་རུ་ཁག་གིས་སྐྱེས་མའི་དཀའ་ཚད་འགྲན་སྡུར་དང་སྐྱེས་མའི་བྲག་འཛེག་འགྲན་སྡུར། སྐྱེས་པའི་མགྱོགས་ཚད་འགྲན་སྡུར་བཅས་ཀྱི་གསེར་གྱི་རྟགས་མ་བླངས་པ་རེད། དེའི་ཁྲོད་བོད་ལྗོངས་ཀྱི་ལུས་རྩལ་པ་རིན་ཆེན་ལྷ་མོས་སྐྱེས་མའི་དཀའ་ཚད་འགྲན་སྡུར་དང་བྲག་འཛེག་འགྲན་སྡུར་གཉི་ཀའི་ཨང་དང་པོ་བླངས་པས། ཀྲུང་གོའི་སྐྱེས་མའི་བྲག་འཛེག་འགྲན་ཞུགས་པས་རྒྱལ་སྤྱིའི་འགྲན་སྡུར་ཁྲོད་ལོ་རྒྱུས་རང་བཞིན་གྱི་འབྲས་བུ་བླ་ན་ལྷག་པ་ལེན་ཐུབ་པ་རེད།
  ཐེངས་འདིའི་འགྲན་སྡུར་ཁྲོད་བོད་ལྗོངས་ཀྱི་བྲག་འཛེག་འགྲན་ཞུགས་པ་བསོད་ནམས་རྒྱ་མཚོས་སྐྱེས་པའི་དཀའ་ཚད་འགྲན་སྡུར་ཁྲོད་ཨང་བཅུ་བཞི་པ་དང་བྲག་འཛེག་འགྲན་སྡུར་ཁྲོད་ཨང་བཅུ་པའི་འབྲས་བུ་ལེགས་པོ་བླངས་པ་རེད། རིན་ཆེན་ལྷ་མོ་དང་བསོད་ནམས་རྒྱ་མཚོ་གཉིས་ནི་བོད་ལྗོངས་བྲག་འཛེག་རུ་ཁག་གི་འགྲན་ཞུགས་པ་ཡིན་ཞིང་། ཁོང་གཉིས་ཀྱིས2012ལོའི་ཧི་མ་ལ་ཡ་ཞེས་པའི་རྒྱལ་ཡོངས་ཀྱི་བྲག་འཛེག་གདན་ཞུའི་འགྲན་སྡུར་སྟེང་སྐྱེས་མའི་ཚན་ཆུང་དང་སྐྱེས་པའི་ཚན་ཆུང་གི་བྱ་དགའ་ཨང་དང་པོ་བླངས་མྱོང་བ་རེད།

  • ལེ་ཚན་སྔོན་མ།:ཀྲང་ཏེ་ཅང་ཡིས་ཨུ་རུ་སུ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པ།
  • ལེ་ཚན་རྗེས་མ།:ཁྲི་ཀ་རྫོང་གིས་དྲུག་གཅིག་བསུ་བའི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།