མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲིམས་འགལ་གྱི་ངང་གསེར་ཉ་འཛིན་པར་བཀག་འགོག་བྱས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-05-29

ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་ཁྲིམས་འགལ་གྱི་ངང་ནས་གསེར་ཉ་འཛིན་པར་བརྡུང་བརྡེག་བཏང་བ། ཉེན་རྟོག་མི་སྣ100ལྷག་དང་ཆེད་དོན་བྱེད་སྒོའི་བྱ་བའི་མི་སྣས་མཚོ་སྔོན་པོའི་ལྷོ་འགྲམ་གྱི་གུང་ཧོ་རྫོང་གི་ཅང་ཤེས་ཞང་དང་རྟ་ནག་མ་ཞང་ཏ་ཧྥེའི་ཆའོ་གྲོང་བརྡལ་སོགས་ས་ཁུལ་གཙོ་བོར་ཞིབ་བཤེར་བྱས། དེའི་སྐབས་སུ་ཁྲིམས་འགལ་གྱི་ངང་ནས་འཛིན་བཟུང་བྱས་ཡོད་པའི་གསེར་ཉ་སྤྱི་རྒྱ་ལྔ་བརྒྱ་དང་ཉ་དྲ་སྟོང་གསུམ་ལྷག། དབུགས་སྣོན་གདོང་མཆོང་གྲུ7དང་གསེར་ཉ་སྐྱེལ་འདྲེན་རླངས་འཁོར4རྩད་གཅོད་བྱས། གསེར་ཉ་འཛིན་བྱེད་ཀྱི་ཡོ་ཆས་གཞུང་བཞེས་བྱས་ཏེ་མཚོ་སྔོན་པོའི་འགྲམ་ནས་མེད་པར་བཟོས། མིག་སྔར། མཚོ་ལྷོ་ཁུལ་གྱི་སྤྱི་བདེ་སྡེ་ཁག་གིས་ཁྲིམ་འགལ་གྱིས་གསེར་ཉ་འཛིན་བཟུང་བྱས་པའི་མི་སྣ་བརྒྱད་ལ་འདྲི་གཅོད་བྱེད་པའི་བྱ་བ་བསྒྲུབ་བཞིན་པའི་སྒང་རེད།  ། 
 

 
  • ལེ་ཚན་སྔོན་མ།:ལྷ་གཞིས་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་དེ་ཤར་གཏོང་ཐུབ་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ཇོ་མོ་གླང་མ་རྟགས་ཅན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཤར་གཏོང་བྱེད་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།