ལྷ་གཞིས་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་དེ་ཤར་གཏོང་ཐུབ་པ།

        2013-05-28

 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས25ཉིན་གྱི་སྔ་དྲོ། བོད་ཀྱི་ཕུག་ལམ་རིང་ཤོས་ཐོག་མ་སྟེ་ལྷ་གཞིས་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་དཀའ་གནད་ལས་གཞི། རིང་ཚད་རྨིད་ཁྲི་ཁ་ལོན་པའི་ཕུག་ལམ་ཕན་ཡིད་ལའི་ཕུག་ལམ་ཤར་གཏོང་ཐུབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུས21ཚོགས་པའི་ལྷ་གཞིས་ལྕགས་ལམ་བཀོད་འདོམས་པུའི་ཡན་ལག་པུའུ་དང་པོས། འགན་གཙང་བླངས་པའི་ཕན་ཡིད་ལའི་ཕུག་ལམ་གྱི་སྤྱིའི་རིང་ཚད་སྨིད་ཁྲི1.41ཟིན་པ་དང༌། དེ་ནི་རང་རྒྱལ་གྱིས་མཚོ་བོད་ས་མཐོར་ཤར་གཏོང་ཐུབ་པའི་རིང་ཚད་རྨིད་ཁྲི་ཁ་ལོན་པའི་ཕུག་ལམ་ཆེས་རིང་ཤོས་ཤིག་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཕན་ཡིད་ལའི་ཕུག་ལམ་གྱི་ཨར་སྐྲུན་དཀའ་ཚེགས་ཆེན་པོ་ཡོད་པ་དང༌། ས་གཤིས་གྲུབ་ཚུལ་ཧྲུག་ཧྲུག་ཡིན་པ་ཕུད་བྲག་ཆུ་དང་ཆུ་མིག་སོགས་ཡོད་པ་དང༌། ད་དུང་ཕུག་ལམ་སྔོག་འདོན་བྱེད་ས་ནས་རྟག་ཏུ་སྒྲ་གྲགས་པ་དང་རྡོ་ཧྲུག་ཟགས་ཞིང་ཕུག་ལམ་ཨར་སྐྲུན་གྱི་བདེ་འཇགས་ཐད་འཇིགས་སྣང་ཚབས་ཆེན་བཟོ་གི་ཡོད་པར་བརྟེན། འཛུགས་སྐྲུན་པ་ཚོས་ཇུས་འགོད་ཇུས་གཞི་ལེགས་བསྒྱུར་བྱས་ཏེ། ལག་རྩལ་དཀའ་གནད་མང་པོ་འགག་སྒྲོལ་བྱས་པས་ཕུག་ལམ་བདེ་བླག་ཨར་སྐྲུན་བྱེད་རྒྱུར་འགན་སྲུང་ཐུབ་ཡོད་པ་རེད།

ལྷ་གཞིས་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་དང་འབྲེལ་མཐུད་བྱེད་པའི་སྣུར་བསྲིང་ལམ་ཐིག་ཞིག་ཡིན་པ་དང་ལམ་ཐིག་ཧྲིལ་པོར་སྤྱི་ལེ253ཡོད་པ་དང༌། ལམ་བརྒྱུད་དུ་སྤྱི་ལེ90ཙམ་གྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་ཁུལ་བརྒྱུད་དགོས་ཀྱི་ཡོད་པ་རེད། ལམ་ཐིག་ཧྲིལ་པོ་སྤྱིར་ན་ཡར་ཀླུང་གཙང་པོ་དང་ལྷ་ས་སྐྱིད་ཆུ། མྱང་ཆུ་གཙང་པོའི་ལྟེ་བའི་ས་རྒྱུད་བཅས་སུ་གནས་པ་དང༌། ལམ་བརྒྱུད་ཀྱི་ས་བབ་གཙོ་བོའི་ཆགས་ཚུལ་རྙོག་འཛིང་ཆེ་བ་དང་ཨར་སྐྲུན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པ། ཟམ་པ་དང་ཕུག་ལམ་གྱིས་ལམ་ཐིག་ཧྲིལ་པོའི54.7%ཟིན་གྱི་ཡོད་པ་རེད། ལྷ་གཞིས་ལྕགས་ལམ་ཕན་ཡིད་ལའི་ཕུག་ལམ་གྱི་འཕྲེད་ཀྱི་ཕུག་ལམ་ཨང་བཞི་པ་དང་གསུམ་པ་ཤར་གཏོང་ཐུབ་པ་དེས། མཚོ་བོད་ས་མཐོའི་ལྕགས་ལམ་གྱི་རྨིད་ཁྲི་ཁ་ལོན་པའི་ཕུག་ལམ་ཐོག་མ་དེ་ལེགས་སྒྲུབ་ལྡན་པའི་ངང་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:སྐུ་འབུམ་བྱམས་པ་གླིང་དུ་སྟོན་སྐུ་བཤམས་པའི་བྱེད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲིམས་འགལ་གྱི་ངང་གསེར་ཉ་འཛིན་པར་བཀག་འགོག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།