ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-05-28
སྐུ་འབུམ་བྱམས་པ་གླིང་དུ་སྟོན་སྐུ་བཤམས་པའི་བྱེད་སྒོ་སྤེལ་བ།
ཟླ5བའི་ཚེས24ཉིན་ཏེ་ལུགས་རྙིང་གི་ཟླ4བའི་ཚེས15ཉིན། སྐུ་འབུམ་བྱམས་པ་གླིང་གིས་ཉིན་དུ་མའི་སྟ་གོན་ལེགས་པོའི་འོག་སྟོན་སྐུ་བཤམས་པའི་བྱེད་སྒོ་རྒྱ་ཆེན་པོ་ཞིག་སྤེལ་ཏེ་སྟོན་པ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་སུ་རྗེས་དྲན་ཞུས། གོས་སྐུའི་རིང་ཚད་ལ་སྨི30ལྷག་དང་ཞེང་ཚད་ལ་སྨི20ཡོད། འདི་ནི་ལོ་རེའི་ལུགས་རྙིང་གི་ཟླ4བ་དང་ཟླ6པ་བཅས་ཐེངས་གཉིས་ལ་སྤེལ་གྱི་ཡོད།
ཉིན་འདིའི་བྱེད་སྒོ་ཤིན་ཏུ་རྒྱ་ཆེ་སྟེ་སྐུ་འབུམ་དགོན་གྱི་གྲྭ་བཙུན་རྣམས་སྔ་མོ་ནས་ལྷན་དུ་འཛོམས་ཏེ་གོས་སྐུ་བཤམས་པར་གྲ་སྒྲིག་བྱེད་པ་དང་། བོད་རིགས་དད་ལྡན་པ་ཁྲི་སྟོང་ལྷག་ས་ཕྱོགས་སོ་སོ་ནས་ཆེད་དུ་དུས་བཟང་འདི་དང་བསྟུན་ཏེ་གནས་འདིར་མཇལ་སྐོར་དུ་སླེབས་པ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10